e-texts navigator
Collection
Volume
Page
Wylie

163a1 མེས་ཀྱང་གདུངས།། གང་ལ་ཉོན་མོངས་སེམས་ནྡན་མེད་པ་དང་། སངས་རྒྱས་ནམ་ཡང་ཡོད་པ་མ་ཡིན་པ།། མ་སྐྱེས་ཆོས་ཤེས་རྣམ་པར་བརྟག་བྱས་ཤིང
163a2 བདག་ནག་སངས་རྒྱས་འགྱུར་ཞེས་བྱིས་པ་སྨྲ།། སངས་རྒྱས་ཡོད་མིན་སངས་རྒྱས་ཆོས་མེད་དེ།། ནམ་ཡང་སེམས་ཅན་མེད་པར་སུས་མཐོང་ཞིང་།། ནམ་མཁའ་འདྲ་བར་ཆོས་ཉིད
163a3 སུས་ཤེས་ན།། དེ་ནི་མྱུར་དུ་སྐྱེས་བུ་གཙོ་བོར་འགྱུར།། བྱང་ཆུབ་སུ་འདོད་དེ་ལ་བྱང་ཆུབ་མེད།། ས་དང་གནམ་ལྟར་བྱང་ཆུབ་མཆོག་ལས་རིང་།། སྒྱུ་འདྲར་ཆོས་ཉིད་གང་གིས
163a4 ཤེས་གྱུར་པ།། དེ་ནི་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར།། སུ་ཞིག་ཚུལ་ཁྲིམས་རྣམ་རྟོག་དེ་ལ་ནི།། ཚུལ་ཁྲིམས་མེདོ་དེ་མཐོང་ན་ཚུལ་ཁྲིམས་མིན།། ཚུལ་ཁྲིམས་འཆལ
163a5 དང་ཚུལ་ཁྲིམས་མཚན་ཉིད་གཅིག། དེ་ལྟར་ཤེས་ན་ད་ནི་མགོན་པོར་འགྱུར།། ཇི་ལྟར་སྐྱེས་བུ་ལ་ལ་རྨི་ལམ་ན།། འདོད་ལ་སྤྱོད་པ་དགའ་བ་མྱོང་བའི་ཉམས།། གཏི་མུག་རྨོངས
163a6 པས་བུད་མེད་རྣམ་པར་བརྟགས།། དེ་ན་བུད་མེད་གང་ཡང་ཡོད་པ་མིན།། ཚུལ་ཁྲིམས་འཚུལ་དང་ཚུལ་ཁྲིམས་བྱིས་པ་རྣམས།། རྨོངས་པས་ཡང་དག་མ་ཡིན་ཡོངས་སུ་བརྟགས
163a7 དེ་ལ་ཚུལ་ཁྲིམས་འཆལ་མེད་ཚུལ་ཁྲིམ་མེད།། དེ་ལྟར་ཤེས་ན་དེ་ནི་མགོན་པར་འགྱུར།། སྒྲ་ཡི་རང་བཞིན་ཡོངས་སུ་མི་ཤེས་པས།། བྱིས་པའི་བློ་ཅན་འདི་དག་མིང་ལ་ཆགས།།




iiif viewer powered by OpenSeadragon

162b - 163b

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo