e-texts navigator
Collection
Volume
Page
Wylie

161b1 ཤིན་ཏུ་མཐོང་བར་འགྱུར། བརྩོན་འགྲུས་ཀྱི་བསྔགས་པ་ཡང་བརྗོད་ལ། ཆོས་ཐམས་ཅད་རྩོལ་བ་མ་མཆིས་པ་དང་། རྩོམ་པ་མ་མཆིས་པར་ཡང་རབ་ཏུ་རྟོགས་པར་འགྱུར། བསམ
161b2 གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་མངོན་པར་བསྒྲུབས་པ་ཡང་སྟོན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པར་ཡང་འཚལ
161b3 བར་འགྱུར། ཤེས་རབ་ཀྱི་བསྔགས་པ་རྣམ་པ་སྟོང་ཡང་བརྗོད་ལ། ཤེས་རབ་དང་ཤེས་རབ་འཆལ་པའི་རང་བཞིན་ཡང་དེ་དག་གིས་ཤིན་ཏུ་རིག་པར་འགྱུར། འདོད་ཆགས་ཀྱི་སྐྱོན་ཡང་།
161b4 སྟོན་ལ། ཆོས་གང་ཡང་འདོད་ཆགས་པར་མི་མཐོང་།། ཞེ་སྡང་གི་སྐྱོན་ཡང་སྟོན་ལ། ཆོས་གང་ཡང་ཞེ་སྡང་བར་མི་མཐོང་། གཏི་མུག་གི་སྐྱོན་ཡང་སྟོན་ལ། ཆོས་ཐམས་ཅད་གཏི
161b5 མུག་གི་སྒྲིབ་པ་དང་བྲལ་བར་ཡང་མོས་པར་འགྱུར། སེམས་ཅན་རྣམས་ལྔ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་འཆི་བའི་འཇིགས་པ་ཡང་སྟོན
161b6 ལ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཀྱང་མི་དམིགས་ཏེ། དེ་དག་སེམས་ཅན་ཇི་ལྟར་མོས་པ་དག་ལ། དེ་ལྟར་མོས་པའི་ཆོས
161b7 སྟོན་ཅིང་གང་འདི་སྟོང་པ་ཉིད་ལ་མོས་པར་ཚུལ་གཅིག་པ་ལ་མོས་པར་འགྱུར། དེ་བཞིན་དུ་མཚན་མ་མ་མཆིས་པ་ལ་མོས་པ་དང་། སྨོན་པ་མ་མཆིས་པ་དང་། སྐྱེ་བ་མ་མཆིས་པ་ལ་མོས




iiif viewer powered by OpenSeadragon

161a - 162a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo