e-texts navigator
Collection
Volume
Page
Wylie

161a1 སེམས་ཅན་རྣམས་ལ་དེ་ལྟར་མོས་པའི་ཆོས་སྟོན་པར་འགྱུར་རོ།། དེ་དག་ཐབས་མཁས་པ་ལ་བསླབས་པས་འདོད་པ་ཆུང་བའི་ཚིག་གི་རྒྱུད་ཀྱང་བརྗོད་ལ་ལས་དེས།།
161a2 དྲག་པར་ཡང་མི་སེམས། ཆོ་ག་འཚལ་བའི་ཚིག་གི་རྒྱུད་ཀྱང་བརྗོད་ལ། དེས་དག་པར་ཡང་མི་སེམས་སྡོམ་པའི་ཚིག་གི་རྒྱུད་ཀྱང་བརྗོད་ལ། དེས་དག་པར་ཡང་མི་སེམས་འདུ་འཛིམ
161a3 མི་བསྔགས་པ་ཡང་བརྗོད་ལ། ལས་ཐམས་ནཱད་རབ་ཏུ་དབེན་པར་ཡུང་མོས་པར་འགྱུར་རོ།། གཅིག་པུར་དགའ་བ་དང་། འདུ་འཛིམ་མཆིས་པའི་བསྔགས་པ་ཡང་བརྗོད་ལ
161a4 དེས་དག་པར་ཡང་མི་སེམས།། བྱང་ཆུབ་སེམས་ཀྱི་བསྔགས་པ་ཡང་བརྗོད་ལ། སེམས་ཀྱི་རང་བཞིན་ཡང་བྱང་ཆུབ་ཏུ་འཚལ་བར་འགྱུར། ཤིན་ཏུ་རྒྱས་པའི་མདོ་རྣམས་ཀྱི་བསྔགས
161a5 པ་ཡང་བརྗོད་ལ། ཆོས་ཐམས་ཅད་ཤིན་ཏུ་རྒྱས་པར་ཡང་འཚལ་བར་འགྱུར། བྱང་ཆུབ་སེམསད་པའི་ཚིག་གི་རྒྱུད་ཀྱང་བརྗོད་ལ། ཉན་ཐོས་དང་། རང་རྒྱལ་བ་དང་། སངས་རྒྱས་རྣམས་ཐ
161a6 དད་པར་ཡང་མི་ལྟ། སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། སྦྱིན་པའི་མཉམ་པ་ཉིད་ཀྱང་དེ་དག་གིས་རྟོགས་པར་འགྱུར། ཚུལ་ཁྲིམས་ཀྱི་བསྔགས་པ་ཡང་བརྗོད་ལ། རང་བཞིན་གྱི་ཚུལ
161a7 ཁྲིམས་ཀྱང་དེ་དག་གིས་རྟོགས་པར་འགྱུར། བཟོད་པའི་བསྡོགས་པ་ཡང་བརྗོད་ལ། ཆོས་ཐམས་ཅད་ཀྱི་ཟད་པའི་ཆོས་དང་། བྱང་བའི་ཆོས་དང་། མི་སྐྱེ་བའི་ཆོས་ཉིད་ཀྱང་དེ་དག་གིས




iiif viewer powered by OpenSeadragon

160b - 161b

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo