e-texts navigator
Collection
Volume
Page
Wylie

160b1 ནོ།། རིགས་ཀྱི་བུ་ཆོས་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་མདུན་དུ་མི་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ངའི་དགེ་བའི་རྩ་བ་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་འཆད་དུའོང་།
160b2 དོ། སངས་རྒྱས་ཀྱི་བྱང་ཆུབ་ལས་ཀྱང་ཉམས་པར་འགྱུར་སྲིད་དོ།། རྟག་པའམ་ཆད་པར་ཡང་ལྷུང་དུ་འོང་ངོ་།། དེ་བཞིན་གཤེགས་པས་ཀྱང་ཅི་ལས་དགོངས་ཏེ་ཆོས་བསྟན་མི་ཤེས་སྲིད་པ
160b3 དེསྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྩལ་གྱིས་འགྲོ་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཤད
160b4 དུ་གསོལ།། མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ལྟ་བ་ཅན། མཚན་མ་མ་མཆིས་པའི་ལྟ་བ་ཅན། སྨོན་པ་མ་མཆིས་པའི་ལྟ་བ་ཅན། སྐྱེ་བ་མ་མཆིས་པའི་ལྟ་བ་ཅན།།
160b5 མཚན་ཉིད་མ་མཆིས་པའི་ལྟ་བཅུན། སངས་རྒྱས་ཀྱི་ལྟ་བ་ཅན། བྱང་ཆུབ་ཀྱི་ལྟ་བ་ཅན་དག་འབྱུང་བར་འགྱུར་བ་དང་། གང་ཡང་སྟོང་པ་ཉིད་དང་། མཚན་མ་མཆིས་པ་ལ་རྟོག་པ་ད
160b6 སྨྲ་བ་ལ་དགའ་བ་དང་། སྨྲ་བའི་ཚིག་ལ་ཆགས་པ་དང་། ཡི་གེས་དག་པར་འཛིན་པ་དང་། ཚིག་གི་ལས་ལ་གཞོལ་བ་དང་། ལེགས་པར་བརྗོད་པ་གཅེས་པར་འཛིན་པ་དང་། མིང་གཅ
160b7 པར་འཛིན་པ་གང་འབྱུང་བར་འགྱུར་བ་དེ་དག་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ། ཡི་གེ་མ་མཆིས་ཤིང་ཚིག་དང་བྲལ་བ་འདི་ཐོས་ན། ལྟ་བ་དེ་དག་སྤོང་ཞིང་ཇི་ལྟར་མོས་པའི




iiif viewer powered by OpenSeadragon

160a - 161a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo