e-texts navigator
Collection
Volume
Page
Wylie

159b1 ནམ་མཁའ་འདྲ་ཞིང་ཅི་ལའང་མ་ལགས་ལ།། ནམ་ཡང་སེམས་ཀྱི་རང་བཞིན་མི་དམིགས་ཤིང་།། ཆོས་རྣམས་སེམས་མེད་ཇི་ལྟར་ལགས་པར་འགྱུར།། ཡོངས་སུ་ཤེས་བགྱི་ཇི་ལྟར་མ་མཆིས
159b2 ཤིང་སྒོམ་དང་མངོན་གྱི་མཆིས་པ་མ་ལགས་ལ།། གང་དུའང་དེ་ལ་སྤང་བ་མ་མཆིས་པས།། སེམས་ཅན་ཇི་ལྟར་ནམ་མཁའི་དབྱིངས་འདྲ་ལགས།། གང་ལ་ཆོས་ཉིད་གཅིག་གི་ཚུལ་གྱུར།
159b3 པ། དེ་ལ་རང་བཞིན་ནམ་ཡང་མ་མཆིས་ལ།། སྐྱེ་བ་ནུམ་ཡང་དེ་ལ་མ་མཆིས་པའི།། ཆོས་ཀྱི་ཚུལ་ནི་མགོན་པོས་བཤད་དུ་གསོལ།། དེ་ལ་སློབ་དང་དགྲ་བཅོམ་མ་མཆིས་ཏེ།། རང་རྒྱལ་ཇི
159b4 ལྟར་མཆིས་པ་མུ་ལགས་ཤིང་།། བྱང་ཆུབ་ཚོལ་བའི་ཆོས་ཀྱང་མ་མཆིས་ལ།། སྡོང་དང་འོངས་པ་མ་མཆིས་ཇི་ལྟར་ལགས།། ག་ལ་གནས་དང་རྟེན་པ་མ་མཆིས་ཤིང་།། འོད་དང་འགྲོ་བ
159b5 དག་ཀྱང་མ་མཆིས་ལ།། ཆོས་རྣམས་འགྲོ་དང་འོང་དང་བྲལ་བས་ན།། རི་བཞིན་མི་གཡོ་བརྟན་གནས་ཇི་ལྟར་ལགས།། དེ་ལ་ཇི་ལྟར་འདུ་ཤེས་གཟུགས་མ་མཆིས།། གཟུགས་ཀྱི
159b6 རང་བཞིན་ཇི་ལྟར་བྱང་ཆུབ་ལགས།། གཟུགས་དང་བྱང་ཆུབ་ཇི་ལྟར་གཉིས་མ་མཆིས།། དྲི་མེད་མཆོག་མངའ་རྒྱལ་བས་དེ་དག་གསུངས།། སངས་རྒྱས་གང་ལ་མ་མཆིས་པ་དག་དང་།། དགེ།
159b7 འདུན་གང་ལ་མ་མཆིས་དེ་སླད་དུ།། སངས་རྒྱས་ཆོས་དང་དགེ་འདུན་མཆོག་གི་རྣམ།། དེ་དག་གཅིག་གི་ཚུལ་དུ་ཇི་ལྟར་འགྱུར།། གང་ལ་སྟོང་དང་མཚན་ཉིད་མ་མཆིས་ཤིང་།། འདུ་དང




iiif viewer powered by OpenSeadragon

159a - 160a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo