e-texts navigator
Collection
Volume
Page
Wylie

158a1 བའི་འོད་ཟེར་གཟི་བརྗིད་འབྲར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཟོ་མ་ལ་རྣམ་བཱར་བྷྱོངྒ་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས
158a2 དཔའ་ཆེན་པོ་དགའ་བས་རབ་ཏུ་འཛུམ་པའི་འོད་དྲི་མ་མེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་འོད་ཟིལ་གྱིས་གནོན་པའི་འོད་འཕྲོ་དང་། བྱང་ཆུབ་སེམས་དཔའ
158a3 སེམས་དཔའ་ཆེན་པོ་གོ་འཕང་དམ་པ་དྲི་མ་མེད་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་འགྲོ་བ་ལ་འཕྲོ་བའི་པདྨོ་རབ་ཏུ་རྒྱས་པའི་ལུས་དང་བྱུང
158a4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་སྒྲ་དབྱངས་ཀྱི་སྐད་སྒྲོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་རྒྱལ་པོ་འགྲོ་བར་རྣམ་པར་རོལ་པའི་བློ།
158a5 གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གདོག་གཟི་བརྗིད་དྲི་མ་མེད་པར་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེག་ན་འཇམ་ཞིང
158a6 གཞོན་པའི་ལུས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་རྒྱན་ལྟར་མཚན་རབ་ཏུ་རྒྱས་པའི་ལུས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་བཅུས
158a7 བདུད་རབ་ཏུ་འདུལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ལ་མ་ཞི་བས་ཉེ་བར་ཞི་བར་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་འཛིན་མངོན




iiif viewer powered by OpenSeadragon

157b - 158b

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo