| | e-texts navigator
|
156a1 མང་བ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བའི་ཚོགས་མང་བ་དང་། རྟ་དང་། གླང་པོ་ཆེ་དང་། བ་གླང་དང་། ལུག་དང་།།
156a2 བྲན་དང་། བྲན་མོ་དང་། ལུས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དང་། བློན་པོ་དང་། མཛའ་བཤེས་དང་། གཉེན་དང་། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ།
156a3 སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་གཟུགས་བཟང་བ་དང་། བལྟ་ན་སྡུག་པ
156a4 དང་མཛེས་པ་དང་། མདོག་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། ད་པྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་།
156a5 ཡན་ལག་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ
156a6 པོའི་ཕན་ཡོན་གསུམ་པ་ཡིན་ནོ།། དགེ་སློང་དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ།
156a7 དེའི་བུ་འམ། ཆུང་མ་འམ། བྲན་ནམ། ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་ག་ཤེགས
iiif viewer powered by OpenSeadragon
155b - 156b