e-texts navigator
Collection
Volume
Page
Wylie

146b1 གས་མ་པའི་ས་ཐབ། ཡ་ག་མ་ཡི་དུ་ས་ན་ལོག་། ད་འདུ་དུ་ང་དག་ལས་ཟུག་སྟེ། ཀྱིས་པ་། གྱུ།
146b2 མཚམས་ནི་ཡང་བ་དང་། ཟབ་པ་དང་། སྟོང་པ་དང་གཟུགས་ནི་གཟུགས་ཀྱིས་མཐའ་ཡིན་ནོ།། རིམ་པ་དང་བྲལ་བ་ནི་ཚོར་བའི་མཐའ་ཡིན་ནོ།། དྲན་པ་དང་བརྗེད་པ་འདུ་ཤེས་ཀྱི་མཐའ་ཡིན་ནོ།། སྐྱེབ།
146b3 འགོག་པ་ནི་འདུ་བྱེད་ཀྱི་མཐའ་ཡིན་ནོ།། སང་དེ་སང་ངེར་འཇུག་པར་སྦྱོར་བ་ནི། རྣམ་པར་ཤེས་པའི་མཐའི་མཐའ་ཡིན་ནོ།། ཕུང་པོ་དེ་ལྔ་ནི་ཚད་མེད་པ་སྐྱེ་སྐྱེ། སྐྱེ་སྐྱེ་བའི་རྒྱུའི་ཕྱིར་རྣམ་པར་ཤེས་པ
146b4 ཡོད་དོ།། གཟུགས་ཀྱི་ཕྱིར་འགོག་པའོ།། དོན་རིགས་ནི་ཅིག་ཅར་སེལ་ཏེ། བག་ཆགས་ནི་ཅིག་ཅར་མི་འདག་སྟེ། རིམ་གྱིས་ཟད་དོ།། ངས་ཁྱོད་ལ་ལོག་ཕྱིས་མདུད་པ་བསྟན་ན། མ་རིག་ན་ཅིའི་ཕྱིར
146b5 ང་ལ་སླར་འདྲི། ཁྱོད་ནི་མ་རིག་པའི་སེམས་རྩ་བའི་གཞི་དེ་ལས་བྲལ་ཏེ་ཐར་པར་འགྱུར་རོ།། ཁྱོད་ཆོས་ཀྱི་སྒོ་འདི་ཁྱེར་ཏེ། མ་འོངས་པའི་དུས་ཐ་མ་ལ་སྤྱོད་པའི་མི་དག་ལ་ཡང་དག་པ་མ་ཡིན་པར་ཤེས
146b6 བར་སྔོན་ཅིག། སྐྱེ་ཤེ་ལ་ཟབ་ཏུ་སྦྱོང་ཞིང་། ཁམས་གསུམ་ལ་མ་མོས་པར་མྱ་ངན་ལས་འདས་པ་ཡོད་པར་ཤེས་པར་གྱིས་ཤིག། དགའ་བོ་མེ་ལ་ལ་ཞིག་གིས་ཕྱོགས་བཅུའི་ནམ་མཁའི་ཁམས་ཁྱབ
146b7 པར་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྡུལ་ཕྲ་མོ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ལ་བླ་མར་བྱས་ཏེ། མཆོད་ཅིང་བསྙེན་བཀུར་བྱས་ནས། སེམས་དོན་མེད་པར་འདས་པར་མ་བྱས་ན། ཡིད་ལ་ཇི་སྙམ




iiif viewer powered by OpenSeadragon

146a - 147a

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa