| | e-texts navigator
|
145b1 ཅིའི་ཕྱིར་སྦྱར་བའི་འགྲམ་མཆུ་འབྱུང་། དེའི་ཕྱིར་ཤེས་པར་གྱིས་ཤིག། ཁྱེད་ཀྱིས་གཟུགས་ཀྱི་ལུས་མངོན་དུ་སྲ་ཞིང་མཁྲང་བ་དེའི་མིང་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་དང་པོ་དེ་ལྟར་བཤད།
145b2 པ། བྲག་མཐོན་པོ་ལ་བསམས་པའི་འདུ་ཤེས་ཀྱི་ལུས་ཡང་དག་པར་འདར་བར་འགྱུར་རོ།། འོན་ཀྱང་ལེན་པའི་སྐྱེ་བའི་ཕྱིར། གཟུགས་ཀྱི་ལས་ནི་གཡོ་ནུས་ཏེ། ཁྱོད་ང་མངོན་སུམ་དུ་འཕན
145b3 པ་དང་། འདོད་པས་གཟིར་ཏོ།། དེའི་མིང་དུ་གསོག་ཏུ་སྣང་བའི་ཡང་དག་པ་མ་ཡིན་པའི་འདུ་ཤེས་གཉིས་པའོ།། མཚན་མ་གཡོས་པའི་ཕྱིར་གཟུགས་ཀྱི་ལུས་ནི་ལས་བྱེད་དུ་བཅུག་སྟེ། ལུས་ནི་མཚན
145b4 མ་མ་ཡིན་ནོ།། ཁྱོད་ཀྱི་ལུས་ཅིའི་རྒྱུས་ནས། མཚན་མའི་ལས་བྱེད་ཅིང་། སྣ་ཚོགས་ཀྱི་གཟུགས་ལེན་རྗེ་ན། སེམས་གཡོས་ན་ལུས་ལེན་ཏེ། མཚན་མ་དང་མཉམ་པར་འཇུག་གོ། སད་ན་འདུ
145b5 ཤེས་ཀྱི་སེམས་གཡོས།། ལོག་ནི་རྨི་ལམ་དུ་འགྱུར་ཏེ། ཁྱོད་ཀྱི་འདུ་ཤེས་ཀྱི་མཚན་མས་ཡང་དག་པ་མ་ཡིན་པའི་སེམས་གཡོ་བར་ནུས་ཏེ། འབྲེལ་ཅིང་རྒྱུ་བར་མི་ཚོར་རོ།། དེའི་མིང་ནི་ཡང་དག་པ་མ
145b6 ཡིན་པའི་འདུ་ཤེས་གསུམ་པའོ།། མི་མངོན་པར་སྐད་ཅིག་པར་བརྫུས་ནས་མེད་པར་འཕོ་ཞིང་སེན་མོ་རིང་པོ་དང་། སྐྲ་སྐྱེ་བ་དང་། དབུགས་རྒྱ་བ་དང་། གདོང་གི་གཉེར་མ་ནང་ངག་ཏུ་རྒྱུ་བ་མི་འཆད་ཀྱང
145b7 ཁྱོད་ཀྱིས་མི་ཚེར་རོ།། དགའ་བོ་འདི་འོན་ཏེ་དེ་ལྟ་མ་ཡིན་དུ་ཟིན་ན། ཁྱོད་ཀྱི་ལུས་ཅིའི་ཕྱིར་འགྱུར་བར་སྣང་། ཡང་དག་པར་མ་ཡིན་པ་འདྲ། ཁྱོད་ཀྱིས་ཅིའི་ཕྱིར་ཡང་དག་པར་མཆིར། ཁྱོད་འདུ་བྱེད
iiif viewer powered by OpenSeadragon
145a - 146a