| | e-texts navigator
|
145a1 བོ་སྙམ་དུ་སེམས་སོ།། ཡང་དག་པ་མ་ཡིན་པའི་རྩ་བ་དེ་ནི་རྒྱུ་མེད་དེ། ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱི་ནང་ནས། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་བཙུག་ཏེ།།
145a2 དེ་ནས་འཁྲུལ་པ་ཡོངས་ནས་ཡོད་ཅེས་ཟེར་རོ།། ནམ་མཁའི་རང་བཞིན་ནི་སྒྱུ་མ་ལས་སྐྱེས་པ་ཡིན་ཏེ། རྟེན་ཅིང་འབྲེལ་པ་དང་། ཡོད་ནས་ཡོད་པ་ཀུན་ནི་སེམས་ཅན་གྱིས་ཡང་དག་པ་མ་ཡིན་པའི
145a3 སེམས་ཀྱིས་བརྟགས་པ་ལགས་སོ།། དགའ་ཡང་དག་པ་མ་ཡིན་པ་མི་གཡོ་བའི་ཚེ་ཡང་དག་པ་མ་ཡིན་པའི་རྟེན་ཅིང་འབྲེལ་པ་བཤད་དེ། ཡང་དག་པ་མ་ཡིན་པའི་རྩ་བ་ཡོད་ནས་མེད་པས།
145a4 ཡང་དག་པ་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་ནས་མེད་པ་ཡིན་ཏེ། མི་ཤེས་པས་རྟག་ཏུ་ཟད་ཀྱི་ཡེ་ནས་ཡོད་པ་ལྟ་ཅི་སྨོས། དེའི་ཕྱིར་དེ་བཞིན་གཤེགས་པས་ཁྱེད་ཀྱི་ཕྱིར་སྒྲོན་མར་བསྟན
145a5 ཏོ།། ཕྱུང་པོ་ལྔའི་རྩ་བའི་རྒྱུ་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཡིན་པར་མཚུངས་སོ།། ཁྱོད་ཀྱི་ལུས་ནི་སྔོན་གྱི་ཕྱི་མའི་འདུ་ཤེས་ཀྱི་རྒྱུ་ལས་སྐྱེས་སོ།། ཁྱོད་ཀྱི་སེམས་ཀྱི་འདུ་ཤེས་ནི་འཕོ་བར
145a6 མི་འགྱུར་ཏེ། འདུ་ཤེས་ཀྱི་ནང་ནས་ཚེ་འདབ་ཆགས་པའོ།། ངས་སྔར་སྨྲས་པ། སྐྱུར་རྩི་ལས་སེམས་ཀྱིས་བརྩམས་ན། ཁར་འགྲམ་དུ་ཆུ་འབྱུང་ངོ་།། ཟག་མཐོན་པོའི་རྩེར་འདུག་པར
145a7 བས་མྦན། རྐང་མཐིལ་འདར་ཡང་སྦྱར་རྩི་ཁར་མ་འཕོས། བྲག་ཀྱང་ཡོད་པ་མ་ཡིན་ནོ།། ཁྱོད་ཀྱི་ལུས་ནི་ཡང་དག་པ་མ་ཡིན་པའི་སྒྱུ་མ་ལ་སོ་མོ་འབྲེལ་བའོ།། ཁྱོད་ཀྱི་ཁའི་ནང་ན་ཐོབ་མེད་ན།
iiif viewer powered by OpenSeadragon
144b - 145b