e-texts navigator
Collection
Volume
Page
Wylie

144b1 མའི་ཆག་ཚད་འབབ་པ་ཡིན་གྱིས་ཁྱེད་ཀྱིས་གུས་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་བོ་ལངས་ཏེ་སྤྱི་བོས་ཕྱག་འཚལ་ནས། དྲན་མིང་དུ་མི་བརྗེད
144b2 པར་གཟུངས་སུ་འཛིན་ཏོ།། འཁོར་མང་པོ་འདུས་པས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། ཕུང་པོ་ལྔའི་གཟུགས་ཀྱི་ནང་ནས། ཡང་དག་པ
144b3 ལགས་པའི་འདུ་ཤེས་རྣམ་པ་ལྔའི་རྩ་བ་ཕྲ་བའི་ཡང་ཕྲ་བའི་དོན་ཏེ། དེ་བཞིན་གཤེགས་པས་བདག་ཅག་ལ་སོགས་པ་ལ་རྟག་ཏུ་བཀའ་སྩལ་ཅིང་བཤད་དེམ་གསུངས་ན། ཡང་ཕུང་པོ་ལྔ
144b4 གཅིག་ཅར་འདག་ཅིང་འབྱུང་ངམ། རིམས་ཀྱིས་ཟད་དེ། ལྔའི་མཚམས་ནི་གང་ལགས། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་དགོངས་ཏེ། མ་འོངས་པའི་དུས་ཀྱི་སེམས་ཅན་ཐམ་ཅད
144b5 ཀྱི་སྣང་ཞིང་གསལ་བའི་སེམས་ཀྱི་མིག་ཏུ་འགྱུར་བས། འཁོར་མང་པོ་འདི་ཉིད་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས། དགའ་བོ་ལ་བཀའ་སྩལ་པ། ངོ་བོ་ཉིད་ཀྱི་ཚོར་བ་དམ་པ། གས
144b6 བརྒྱས་པ་ནི་དག་སྟེ། སྐྱེ་ཤི་ལ་མི་གནས་ན། དྲི་མའི་བསྒོས་པ་ནས། ནམ་མཁའི་ཁམས་ཐམས་ཅད་ཀྱི་བར་དུ། ཡང་དག་པའི་མ་ཡིན་པའི་བར་དུ་འདུ་ཤེས་ཀྱི་རྒྱུ་བའི་ཕྱིར་སྐྱེ་བ་གཡོས་ཏེ།།
144b7 དེའི་བཞིན་ངོ་བོ་ཉིད་ཀྱི་ཚོར་བ་དམ་པ། གསལ་བ་རྒྱལ་བ་ལས་ཡང་དག་པ་མ་ཡིན་པའི་འཇིག་རྟེན་གྱི་སྣོད་ཀུན་སྐྱེས་སོ།། དཔེར་ན་ཡེནན་ཏ་འཁྲུལ་ཏེ། མགོ་མེད་པ་རྨིས་ནས་གྲིབ་མ་ལ་མགོ།




iiif viewer powered by OpenSeadragon

144a - 145a

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa