| | e-texts navigator
|
144a1 རྒྱས་པར་སྣང་བ་དེ་བཞིན་གཤེགས་པའི་ཕྲ་བའི་ཕྲ་བ་ལ་སོགས་པས་བརྒྱན་པའི་རྒྱ་མཚོར་འཇུག་གོ།། གང་ཞིང་རྒྱས་པའི་བྱང་ཆུབ་ཐོབ་པ་མེད་པ་ལ་བ་སྟོན་ཏེ། དེས་ནི།
144a2 སྔ་མ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞི་གནས་དང་། ལྷག་མཐོང་གསལ་བར་རྣལ་འབྱོར་པས། ཕྲ་བའི་ཡང་ཕྲ་བའི་བདུད་ཀྱི་སྤྱོད་ཡུལ་མང་པོ་མངོན་སུམ་དུ་སྣང་སྟེ། ཁྱེད་ཀྱི་སམ
144a3 ཀྱིས་ཤེས་པར་ནུས་ནས། དྲི་མ་བཀྲུས་ཤིང་གསལ་བས། ལྟ་བས་ལོག་པའི་ནང་དུ་མི་ལྟུང་སྟེ། ཕུང་པོའི་བདུད་ནི་ཞི་ཞིང་བྱང་། ལྷའི་བདུད་ནི་བཅོམ་ཞིང་བཏུལ་ཏེ། ལྷ་མ་ཡིན་དང་མཐུ་བོ་ཆེ་རྣམ།
144a4 ཀྱི་སེམས་སྟོར་བར་བྱེད། ཐི་བའི་བ་གླང་རྣམས་ནི་སྐྱོ་ཞིང་། འབྱུང་བར་མི་ནུས་སོ།། བྱང་ཆུབ་ཀྱི་བར་དུ་ཕོངས་ཤིང་བྲེལ་བ་ཡང་མེད། གཞན་ཅིང་ཉམ་ཆུང་བ་ལས། འབོགས་ཤིང་སྐྱེད་ཡོད་པར
144a5 འགྱུར་རོ།། མྱ་ངན་ལས་འདས་པ་ལ་སེམས་མི་འཁྲུལ་ཅིང་མྱོས་པར་མི་འགྱུར་རོ།། མ་འོངས་པའི་དུས་ཀྱི་སེམས་ཅན་དག་རྨོངས་ཤིང་གླེན་པ་བསམ་གཏན་མི་ཤེས། ཆོས་འཆད་མི་ཤེས་པར་ཅི།
144a6 ངེ་འཛིན་གྱི་རྣལ་འབྱོར་ལ་སྲེད་པ་ནི། ཁྱོད་ལོག་པ་དང་འཐུན་གྱིས་དོགས་སོ།། སེམས་གཅིག་ཏུ་ངའི་གཙུག་ཏོར་གྱི་གཟུངས་བསྟན་པ་འདི་གཟུངས་སུ་ཟུང་ཞིག། དེ་སྟེ་ཁ་ཏོན་དུ་མ་ནུས་ན
144a7 བསྒོམ་པའི་ཁང་བུ་ལ་བྲི་བའམ། ཡང་ན་ལུས་ལ་བཏགས་ན། བས་ཀྱི་རྒོལ་བའི་བདུད་ཐམས་ཅད་ཀྱིས་མི་ཚུགས་སོ།། ཕྱོགས་བཅུ་དེ་བཞིན་གོ་ཤེགས་པའི་མཐའ་ཡུན་དུ་བསྒྲུབ་པའི་རྒྱ།
iiif viewer powered by OpenSeadragon
143b - 144b