| | e-texts navigator
|
143b1 རྒྱས་སུ་ཡང་འཕེལ་ཞིང་འགོག་པར་ཡང་མི་གྲུབ་བོ།། ཁྱོད་སེམས་གཅིག་ཏུ་གྱིས་ལ། དེ་བཞིན་གཤེགས་པའི་ལམ་སྒྲུབས་ཤིང་། ཆོས་ཀྱི་སྒོ་འདི་ཁྱོད་ལ་པ་མྱ་ངན་ལས་འདས་པའི་ཕྱིན་མའོང་།
143b2 དུས་ཀྱི་ཚེ། གཅིག་ནས་གཅིག་ཏུ་སྤེལ་ཏེ། འདིའི་དོན་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་ཤེས་ཤིང་རིག་པར་གྱིས་ཏེ། ལྟ་བའི་བདུད་ལ་རང་བྱིན་པར་མི་བྱེད་ཅིག། སྙིང་རྗེས་བསྲུང
143b3 ཏི་སྐྱབས་ཀྱིས་ཏེ། ལོག་པའི་རྐྱེན་སོལ་ལ་ཞི་བར་གྱིས་ཤིག། བགེག་ཀྱི་ལམ་དང་། ལོག་འདྲེན་གྱི་ལམ་དུ། མ་ནོར་བར་ལུས་དང་སེམས་སངས་རྒྱས་ཀྱིས་མཁྱེན་པ་དང་། གཟིགས
143b4 པའི་ལམ་གྱི་ནང་དུ་ཞུགས་ཏེ། ཐོག་མ་དང་ཐ་མའི་བར་དུ་གྲུབ་པར་བྱོས་ཤིག། སྡེ་མ་འདས་པའི་དུས་ཀྱི་བསྐལ་པ་གངྒཱའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྡུལ་ཕྲ་མོ་སྙེད་ཀྱང་ཆོས་ཀྱི
143b5 སྒོ་འདི་བཞིན་དུ་མཛོད་དེ། ཐེག་པ་འདིས་སེམས་གྲོལ་ནས། བླ་ན་མེད་པའི་ལམ་སྒྲུབ་བོ།། རྣམ་པར་ཤེས་པའི་ཕུང་པོ་ཟད་ནི་ཁྱོད་ཀྱིས་མངོན་སུམ་དུ་དབང་པོའི་ཐམས་ཅད་འཁྲུལ་པར་སྤྱད་པའི
143b6 ནང་ནས། བྱང་ཆུབ་སེམས་དཔའི་ཤེས་རབ་རྡོ་རྗེ་སྒོམ་པའི་གསལ་བ་རྒྱས་ཤིང་དང་པོའི་སེམས་ཀྱི་ནང་དུ་དཀྲིས་ཏེ་འཇུག་ནུས་ན་གཙང་ཞིང་དང་བའི་བཻ་ཌཱུཪྻའི་ནང་ན། རིན་པོ་ཆེའི་ཟླ་བ་དང་འོདྲུའོ།།
143b7 དེ་བཞིན་དུ་གོང་དུ་འཕར་ན། ཡིད་ཆེས་པ་བཅུ་དང་། སྤྱོད་པ་བཅུ་དང་། བསྔོ་བ་པ་བཅུ་དང་། སེམས་བསྐྱེད་པ་སྤྱོད་པོ་བཞི་དང་བྱང་ཆུབ་སེམས་དཔའི་རྡོ་རྗེའི་ས་བཅུ་སྤྱོད་པ་དང་མཉམ་པར་ཚོར་བ
iiif viewer powered by OpenSeadragon
143a - 144a