| | e-texts navigator
|
143a1 དང་བདམ་པ་མ་རྒྱས་པར་རྒྱས་ཡོངས་སུ་དག་པའི་ཚོར་བ་གསལ་བ་ཟབ་མོ་དམ་པར་སྦྱངས་ནས། མྱ་ངན་ལས་འདས་སོ་པར་སེམས་ཤིང་། གོང་དུ་མི་འགྱུར་ཏེ།
143a2 ཞིང་གྲོལ་ལོ་སྙམ་པ་སྐྱེས་སོ།། མི་དེ་ནི་རིགས་ངེས་པའི་རང་སངས་རྒྱས་སུ་ལྟུང་སྟེ། སེམས་མི་ལོག་པའི་སངས་རྒྱས་སུ་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི
143a3 སྟོར་ཅིང་ནུབ་བོ།། དེའི་མིང་ནི་རྒྱས་ཚོར་བ་ཏིང་དེར་གསལ་བའི་མིང་གཡོ་བའི་འབྲས་བུ་གྲུབ་པ་བཅུ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས། ཕྱི་ཕྱིར་ཞིང་རིང་ནས། མྱ་ངན་ལས་འདས་པའི་མཁར་ལས།
143a4 ལོག་ནས། སྐྱབས་མི་བྱེད་པའི་རྒྱས་པར་གསལ་བའི་ས་བོན་ལས་དེའི་རིགས་སུ་སྐྱེའོ།། དགའ་བོ་ཏིང་ངེ་འཛིན་རྣམ་པ་བཅུ་ནི། བར་མ་དོར་སྨྲ་བ་ལ་བསྟེན་པའི་རྒྱུར་འགྱུར་ཏེ། བར་བར་ནི་མ་གྲུབ་པ།
143a5 ལ་ཆོག་ཅིང་ཆུད་དོ་སྙམ་པའི་སེམས་སྐྱེས་སོ།། འདི་ཀུན་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ཏེ། བསྒོམ་པ་ནོར་བ་ལས་འདིར་སྐྱེས་སོ།། ཕོ་ཐོག་ཅན་གྱི་སྐྱེ་བོ་རྣམས་བསླད་པས།། རང་གི་ཉམ་དྲོད་མ
143a6 ཟིན་ཏེ། རྒྱུ་རྐྱེན་དེ་ལྟ་བུ་དང་ཕྲད་ནས། རང་རང་གི་སྔོན་གྱི་སེམས་འཁྲུལ་པའི་བག་ཆགྲ་ལ་སྲེད་དེ། བདག་གི་ཡུན་རིང་པོའི་གནས་ཀྱི་འདི་ཡིན་ནོ་སྙམ་དུ་སེམས་ཤིང་། བླ་ན་མེད་པའི་བྱང་ཆུབ་ཀྱི
143a7 བཅིང་བ་རྫོགས་སོ་ཞེས་སྨྲས་ཏེ། དེ་ནི་བརྫུན་པོར་འགྱུར་རོ།། ལོག་པར་ལྟ་བའི་བདུད་དང་། མུ་སྟེགས་ཀྱི་ལས་ཟད་ནས། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། ཉན་ཐོས་དང་སངས
iiif viewer powered by OpenSeadragon
142b - 143b