| | e-texts navigator
|
142b1 ཀྱི་རྒྱུ་བ་སྐྱེད་ཅིང་། དྲི་མ་རྒྱས་པར་གཟུང་འཛུགས་པའི་འབྲས་བུ་གྲུབ་པ་བརྒྱད་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས། ལྷའི་བདུད་ཀྱིས
142b2 བོན་ལས་དེའི་རིགས་སུ་སྐྱེའོ།། ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བར་འགོག་པ་ལ་སུ་ཞི་བར་འགོག་པའི་ནང་ནས། དང་བདམ་པ་མུ་རྒྱས་པས
142b3 ཚེ་སྣང་བའི་ནང་ནས་དང་བའི་དྲི་མ་ཡང་དག་པ་དང་། ཡང་དག་པ་མ་ཡིན་པར་བྱེ་བྲག་འབྱུང་རྒྱུ་དང་འབྲས་བུའི་རེ་བ་སྒྲུབ་སོ་མངོན་རྟགས་ཚོལ་ལོ།། ཡོངས་སུ་དག་པའི་ལམ་ལོག་ནས། དེའི་ཕྱིར་སྡུག།
142b4 བསྔལ་ནི་ཤེས། ཀུན་འབྱུང་བ་ནི་སྔངས། འགོག་པ་ནི་མངོན་དུ་བྱས། ལམ་ནི་བསྒོམས་ཏེ། འགྲོག་པ་ལ་གནས་པས། ཡང་གོང་དུ་མ་འཕར་ཏེ། རྒྱལ་རིགས་གྲོལ་ལོ་སྙམ་པ་སྐྱེས་སོ།།
142b5 དེ་ནི་ངེས་པའི་ཉན་ཐོས་ཀྱི་ནང་དུ་ལྷུང་སྟེ། ཐོས་པ་ཉུང་བས་ང་རྒྱལ་སྐྱེས་པའི་དགེ་སློང་གི་སྡེར་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ།། དེའི་མིང་ནི།
142b6 དང་བ་རྒྱས་པའི་སེམས་ཀྱིས་མངོན་རྟགས་ཚོལ་ཏེ། ཞི་བ་འདུས་པའི་འབྲས་བུ་དགུ་པ་སྟེ། ཁྱབ་ཅིང་རྒྱས་པ་ལུས་ཕྱི་ཕྱིར་ཞིང་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས
142b7 སྟོང་པས་བཅིངས་པའི་རྒྱུ་ལས་དེའི་རིགས་སུ་སྐྱེའོ།། ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་ལས་འགོག་པ་ལས། ཞི་བར་འགོག་པའི་ནང་ནས།
iiif viewer powered by OpenSeadragon
142a - 143a