| | e-texts navigator
|
142a1 མ་རྒྱས་པས་རྟག་པའི་ནང་དུ་བདག་གི་ལུས་རྟག་པར་གནས་ཏེ། དང་བ་གསལ་བ་དང་འཐུན་ཞིང་རིང་དུ་མི་གཡོ་བའི་རྒྱལ་ཞིང་གྲོལ་ལོ་སྙམ་པ་སྐྱེས་སོ།། མི་དེ་ནི་འདོད།
142a2 ཆགས་མ་ཡིན་པར་འདོད་ཆགས་པར་འཛིན་པས་ནང་དུ་ལྟུང་སྟེ། ཚེ་རིང་པོ་ཚོལ་བའི་ཨི་སི་དེའི་སྡེར་འགྱུར་རོ།། སངས་རྒྱས་བྱང་ཆུབ་ནི་ནོར་ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ།། དེའི
142a3 མིང་ནི་ཚེའི་གཞི་ལ་ཆགས་པར་འཛིན་ཅིང་གཞུང་འཛུགས་པ་སྲན་ཐུབ་པའི་རྒྱུ་སྒྱུར་སྡུད་པ། ཡུན་རིང་པོར་དཀའ་ཐུབ་ཀྱི་འབྲས་བུ་གྲུབ་པ་བདུན་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་རིང
142a4 དུ་སོང་སྟེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས། སྒྱུ་མར་འགྱངས་པའི་ས་བོན་ལས་དེའི་རིགས་སུ་སྐྱེའོ།། ཡང་རིགས་ཀྱི་བུ་དགེ་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར
142a5 འགོག་པས། སྐྱེ་བར་འགོག་པ་ལས་ཞི་བར་འགོག་པའི་ནང་ནས། དང་བ་དམ་རྒྱས་པས་བརྟགས་ན་ཚེ་དང་དབང་དུ་འགྱུར་བར་གྱུར་ནས། དྲི་མའི་སྡུག་བསྔལ་ཞི་ཞིང་ཟད་ཀྱིས་དོག
142a6 སླར་བཞག་ན། རིན་པོ་ཆེ་སྣ་བདུན་གྱི་པདྨོའི་གཞལ་མེད་ཁང་རྒྱས་པར་སྤྲུལ་ཏེ། ནོར་བུ་རིན་པོ་ཆེ་སྣ་བདུན་དག་མང་པོར་སྤྲུལ་ནས། སེམས་རང་ཉམ་དུ་བཏིང་སྟེ། རྒྱལ་རིགས་གྲོལ་ལོ་སྙམ
142a7 པ་སྐྱེས་སོ།། དེ་ནི་ཡང་དག་པ་མ་ཡིན་པར་འཛིན་པའི་ནང་དུ་ལྷུང་སྟེ། ཏྱཙྪ་ཀ་ལའི་སྡེར་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བན་སྦྱོར་ཅིང་ནུབ་བོ།། དེའི་མིང་ནི་ལོས་།
iiif viewer powered by OpenSeadragon
141b - 142b