e-texts navigator
Collection
Volume
Page
Wylie

141b1 སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར་ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ།། དེའི་མིང་ནི་བརྗེད་པའི་རྟོགས་པ་སེམས་འཁྲུག་པའི་ཡང་དག་པ་མ་ཡིན་པར་གཞུང་འཛུགས་པའི་རྒྱུ་ཚོལ་བའི་འཁྲུལ
141b2 པར་གྱུར་པའི་འབྲས་བུ་གྲུབ་པ་ལྔ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ། མྱ་ངན་ལས་འདས་པའི་ཁམས་ལས་ལོག་ནས། ཕྱིན་ཅི་ལོག་གི་ས་བོན་ལས་དེའི་རིགས་ཀྱི་ནིང
141b3 དུ་སྐྱེའོ།། ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་ནི་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ན། དང་བ་དམ་པ་མ་རྒྱས་པས། དེ་རྒྱས་ཤིང
141b4 གསལ་བའི་ནང་ནས། རྫུས་པའི་ཆོས་ནི་སྟོང་པ་སྟེ། མ་ཡིན་པར་འགོག་པ་ཡོངས་ནས་འགོག་པོའི་སྐྱབས་ཡིན་ཏེ། སྐྱེ་བ་ལས་རྒྱལ་ཞིང་གྲོལ་ལོ་སྙམ་དུ་རྟོག་སྟེ། མི་དེ་ནི་གཟུག་མེད
141b5 པའི་སྟོང་པའི་སྐྱབས་དང་། སྐྱབས་མ་ཡིན་པར་འཛིན་པའི་ལྷའི་སྡེར་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ།། དེའི་མིང་ནི་སྟོང་པ་རྒྱས་པའི
141b6 སེམས་མེད་པ། སྟོང་པར་འགོག་པའི་འབྲས་བུ་གྲུབ་པ་དྲུག་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས། ཆད་པར་འགོག་པའི
141b7 ས་བོན་ལས་དེའི་རིགས་ཀྱི་ནང་དུ་སྐྱེའོ།། ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པ་འགོག་པ། སྐྱེ་བ་འགོག་པ་ལས། ཞི་བར་འགོག་པའི་ནང་ནས། དང་བ་དམ་པ




iiif viewer powered by OpenSeadragon

141a - 142a

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa