| | e-texts navigator
|
141a1 དང་མི་འདྲ་བ་མེད་དོ།། རྩཝ་ཤིང་ནི་མིར་འགྱུར། མི་དེ་དག་ཤིན་ཡང་ཕྱོགས་བཅུའི་རྩཝ་ཤིང་དུ་འགྱུར་ཏེ། དེ་ནི་ཡང་དག་པའི་ཁྱབ་པ་ཡིན་ནོ་སྙམ་པའི་སེམས་སྐྱེས་སོ།། །
141a2 དེ་ནི་ཤེས་དང་མི་ཤེས་པའི་མཐར་འཛིན་པ་བ་ཏས་འདིའི་ནང་དུ་ལྟུང་སྟེ། ཚོར་བ་ཐམས་ཅད་འདིའི་སྡེར་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར་ཤེས་ཤིང་མཐོང་བའི་སྟོར་ཅིང་ནུབ་བོ།།
141a3 དེའི་མིང་ནི་ཁྱབ་པར་ཤེས་པར་རྟོག་པའི་སེམས་བརྫུན་ཞིང་སྟོང་པའི་འབྲས་བུ་གྲུབ་པ་བཞི་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་རིངས་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས།
141a4 ལོག་ནས་པ་ལོག་པར་ཤེས་པའི་ས་བོན་ལས་དེའི་རིགས་སུ་སྐྱེའོ།། ཡང་རིགས་ཀྱི་བུ་དགྲ་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས་སྐྱེ་བ་འགོག་པ་ལས་ཞི་བའི་ནང་ནས།
141a5 དྲང་བ་དམ་པ་མ་རྒྱས་པས། དེ་དང་ཞིང་གསལ་བའི་ནང་ནས། རྩ་བ་འཁྲུལ་པའི་རང་བཞིན་འ་བྲངས་ནས། རྫུ་འཕྲུལ་རྒྱས་པའི་འོད་སྣང་བ་ཚོལ་བའི་ཞུགས་ཏེ། དགའ་བའི་ཆུ་ནི་གཙང་ཞིང་དང་།
141a6 སྲིད་པའི་རླུང་ནི་ཁྱབ་པར་ལངས་པས་ལྟ་བའི་དྲི་མ་གྲུབ་སྟེ། སོ་སོར་དོན་བསྒྲུབས་པའི་དྲི་མའི་ཚོགས་དེས་ནི་ངོ་བོ་ཉིད་ཀྱི་གཞིའི་རྒྱུ་ཡིན་ནོ་སྙམ་དུ་སེམས་ཏེ། རྟག་པར་ཤེས་སོ་ཞེས་སྨྲས་པའི
141a7 གཞུང་འཛུགས་པའི་མི་དེ་ནི་སྐྱེ་བ་དང་། མི་སྐྱེ་བར་འཛིན་པའི་འོད་སྲུངས་དང་། བྲམ་ཟེ་དཀའ་ཐུབ་ཀྱི་ནང་དུ་ལྷུང་སྟེ། མེ་དང་ཆུ་ལྷ་བརྗེད་དེ་སྤྱི་ཤི་ལས་ཐར་པར་ཚོལ་བའི་སྡེར་འགྱུར་རོ།།
iiif viewer powered by OpenSeadragon
140b - 141b