| | e-texts navigator
|
140b1 ཕྱིན་པར་འགོག་པས་སྐྱེས་པ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། བདག་གི་ངོ་བོ་ཉིད་མཐོང་བ་ནི། སྐྱབས་སུ་བཟུང་ནས། ཐེ་ཙོམ་སྐྱེ་བ་དང་འགག་ལུས
140b2 དང་སེམས་ལས་ཕྱོགས་བཅུའི་ནམ་མཁའ་བབ་ཅིང་ཁྱབ་ཅིང་བྱུང་སྟེ་སྐྱེས་སོ།། ཐམས་ཅད་ཀྱང་འབབ་པའི་རྒྱུན་ལས་བྱུང་སྟེ། ལུས་ནི་ཡང་དག་པར་རྟག་པ་ཡིན་པས། སྐྱེ་བ་དང་འགག་པ་མེད་དོ།།
140b3 སྙམ་པའི་སེམས་ཀྱང་སྐྱེས་སོ།། སྐྱེ་བ་དང་འགགས་པ་ནི་རྟག་པར་ཡོད་རྟོགས་ཏེ། མི་སྐྱེ་བ་འཁྲུལ་ཅིང་མི་སྐྱེ་བ་འཁྲུགས་ནས། བྱིང་བ་ལ་བདེ་བར་གནས་ཏེ། རྒྱལ་ཞིང་གྲོལ་ལོ་སྙམ་པའི་རྟོག
140b4 པ་སྐྱེས་སོ།། མི་དེ་ནི་རྟོག་པ་དང་མི་རྟག་པའི་གཞུང་འཛིན་པའི་ནང་དུ་ལྟུང་སྟེ། རང་དབང་གི་ལྷའི་སྡེར་འགྱུར་རོ།། སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་རྟོགས་པ་ནི་སྟོར་ཅིང་ནུབ་བོ།
140b5 དེའི་མིང་ནི་རྒྱུའི་གནས་ལ་སེམས་ཀྱི་གཞུང་འཛུགས་པ་གསུམ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས། ལོག་པར་རྒྱས
140b6 པའི་ས་བོན་ལས་དེའི་རིགས་སུ་སྐྱེའོ།། ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས་སྐྱེ་བའི་འགོག་པཱ་ལས་ཞི་བར་འགོག་པའི་ནང་ནས། དང་བ་དམ
140b7 རྒྱས་པར་ཤེས་པའི་ནང་ནས། ཤེས་པ་ཁྱབ་པར་རྒྱས་པའི་ཕྱིར། ཤེས་པའི་རྒྱུའི་གཞུང་འཛུགས་ཏེ། ཕྱོགས་བཅུའི་རྩཝ་ཤིང་ཐམས་ཅད་ནི་སེམས་ཅན་ཡིན་ནོ་སྙམ་སྟེ། རྒྱས་པར་ནི་མི
iiif viewer powered by OpenSeadragon
140a - 141a