| | e-texts navigator
|
140a1 པར་མུན་གནག་གི་སྐྱབས་ཀྱི་གནས་གྲུབ་པའི་སྡེར་འགྱུར་རོ།། སངས་རྒྱས་བྱང་ཆུབ་ནི་ནོར་ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ།། དེའི་མིང་ནི་སེམས་ཐོབ་པ་རུ་གཟུང
140a2 འཛུགས་པའི་སྐྱབས་སུ་འགྲོ་བ་ལས་འབྲས་བུ་གྲུབ་པ་དང་པོ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱིར་ཞིང་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས། མུ་སྟེགས་ཀྱི་ས་བོན་ལས
140a3 དེའི་རིགས་སུ་སྐྱེའོ།། དགའ་བོ་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པར། སྐྱེ་བ་འགོག་པ་ལས་ཞིབ་པའི་འགྲོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས།
140a4 བདག་གི་ངོ་བོ་ཉིད་མ་མཐོང་བ་ནི་སྐྱབས་སུ་བཟུང་ནས། ནམ་མཁའི་ཁམས་ཐམས་ཅད་ན། རིགས་བཅུ་གཉིས་ཀྱི་སྐྱེ་བོ་རྣམས་ངའི་ལུས་ཀྱི་ནང་ནས་འབབ་ཅིང་འབྱུང་སྟེ། དེ་ལྟ་བུར་རྒྱལ
140a5 རིགས་གྲོལ་ལོག་སྙམ་པའི་སེམས་སྐྱེས་སོ།། མི་དེ་ནི་མི་ནུས་པ་ལ་ནུས་པར་འཛིན་པའི་ཕྱིར། དབང་ཕྱུག་ནང་དུ་ལྷུང་སྟེ། མཐར་མེད་དོ་ཞེས་སྨྲ་བའི་ལུས་འབྱུང་བའི་སྔར་འགྱུར་རོ།། སངས
140a6 རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ།། དེའི་མིང་གཞུང་འཛུག་པའི་ནུས་པའི་འབྲུས་བུ་གྲུབ་པ་གཉིས་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱིར་ཕྱི་ཞིང་བསྲིངས་ཏེ།
140a7 མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས། ངས་ཁྱབ་པར་རྒྱས་པའི་ང་རྒྱལ་ཆེན་པོའི་ལྷའི་ས་བོན་ལས་དེའི་རིགས་སུ་སྐྱེའོ།། ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར
iiif viewer powered by OpenSeadragon
139b - 140b