e-texts navigator
Collection
Volume
Page
Wylie

139b1 ཚེ་ལེན་པའི་དབང་མེད་དོ་ཞེས་དེ་ལས་བརྟགས་པ་ལས། འཛིན་པའི་གཞི་རིགས་ཐམས་ཅད་ཕྱོགས་བཅུའི་ཁམས་སུ་འབྱོར་པ་ཐོབ་ཟིན་ཏེ། དྲང་བའི་གཟུགས་མ་ནུས་པས། ཟབ་མོའི་འང་།
139b2 བའབྱུང་ངོ་།། དེའི་མིང་རྣམ་པར་ཤེས་པའི་ཕུང་པོས་བསྒྲིབས་པའོ།། འབྱོར་པ་ཐོབ་པའི་ནང་ནས། སྐྱེ་མཆེད་དྲུག་གི་ཚོགས་བསྡུས་ཏེ། སྦྱོར་ཞིང་ཕྱེ་བ་དེ་སྦྱངས་ཏེ། གྲུབ་ནས་བྱུང་བ་དང་། སྐྱེ
139b3 མཆིད་དྲུག་ཀྱང་འཁྲུལ་ཞིང་བསྣོར་དུ་རུང་སྟེ། ཡོངས་སུ་དག་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ལུས་དང་སེམས་སུ་གཏོགས་པའི་རྣམས་ཀྱང་། བཻ་ཌཱུཪྻའི་ཕྱི་ནང་ཐལ་བ་བཞིན་སྣང་སྟེ། དེའི་མིང་ནི།
139b4 རྣམ་པར་ཤེས་པའི་ཕུང་པོ་ཟད་དེ། མི་དེ་ནི་ཚེ་སྙིགས་མ་ལས་འདས་པའོ།། དོན་དེ་ལ་བརྟགས་ན། གཟུགས་ཀྱིས་ཡང་དག་པར་མ་ཡིན་པའི་གཞི། སྒྱུ་མའི་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི
139b5 རྩ་བའི་ཕྱིར་རོ།། དགའ་བོ་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས་སྐྱེ་བ། འགོག་པ་ལས་ཞི་བར་འགོག་པའི་ནང་ནས། དང་བ་དམ་པ་མ་རྒྱས་པས། བདག
139b6 གི་ལུས་ཀྱི་རྩ་བ་སྦྱོར་ཞིང་ཕྱི་ནས། ཕྱོགས་བཅུའི་རིགས་ཐམས་ཅད་འཁྲུལ་པར་ཚེར་ཞིང་ཤེས་ནས། འཁྲུལ་པར་འཕར་ཏཱཾ། རྒྱས་པའི་གཞིར་འཇུག་ནུས་སོ།། དེ་ལ་སྒྱུ་མའི་གནས་ཀྱི
139b7 ཡང་དག་པའི་རྒྱུ་ནི་རྟག་པ་ཡིན་ནོ་ཞེས་གཞུང་བཙུགས་ནས། རྒྱལ་ཞིང་གྲོལ་ལོ་སྙམ་དུ་སེམས་སོ།། མི་དེ་ནི་རྒྱུད་གནས་ཀྱི་རྒྱུ་འཛིན་པའི་ས་ཕྱི་ཀ་ལོའི་མུ་སྟེགས་ཀྱི་ནང་དུ་ལྷུང་སྟེ། ཡང་དག




iiif viewer powered by OpenSeadragon

139a - 140a

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa