| | e-texts navigator
|
139a1 ཁྱེར་ལ་གང་འདས་པའི་ཕྱི་མའི་དུས་ཀྱི་ཚེ། སེམས་ཅན་ཐམས་ཅད་ལ་ཁྱབ་པར་མན་ངག་གཞག་ཅིང་འདིའི་དོན་སྟོན་ཏེ། ཚོར་བར་གྱིས་ཤིག། རང་ལས་ཟབ་མོའི་ཕུང་པོའི
139a2 བདུད་མ་ལདྲ་བར་གཟུངས་སུ་ཟུང་ལ། སྐྱབས་ཀྱིས་ཏེ་བསྲུང་ལ་ལོག་པར་མཐོང་བ་ལ་སོལ་ཏེ། སྐྱོངས་ལ་བདག་གིས་ལུས་དང་། སེམས་ལ་སྟོན་ཏེ། དབེན་པའི་དོན་དབྱེ་ཞིང་ཤེས
139a3 པར་གྱི་ལ། བླ་མའི་ལམ་ལས་ལོག་པའི་ལམ་དུ་མ་འགྲོ་ཞིག། ཅུང་ཟད་ཙམ་གྱི་ཐོབ་པ་ལ་གྲུབ་ཅིང་། ཆོག་གོ་སྙམ་པའི་སེམས་མ་སྐྱེད་ཅིག། ཚོར་བའི་རྒྱལ་པོ་ཆེན་པོ་ཡངས་དག་པ
139a4 མཐོང་ཞིག། དགའ་བོ་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལས་འདུ་བྱེད་ཀྱི་ཕུང་པོ་ཟད་ན། འཇིག་རྟེན་པ་ཐམས་ཅད་རང་བཞིན་ཟབ་མོ་དང་བ་ལས་འཁྲུགས་ཤིང་གཙོ།
139a5 བརྡབྱིང་བ་དང་། ཕྲ་བ། བརྟན་པ། འབྲེལ་བ། གང་ཟག་གི་རྩ་བ་ཡུད་ཙམ་ལས་འབྱོར་ཅིང་། འབྲལ་བ་ལས་བསླངས་ཏེ། འཁྲུལ་པ་ཟབ་མོའི་རྩ་བ་མངོན་རྟགས་ཆད་ན། མྱ་ངན་ལས
139a6 འདས་པའི་གནས་རྨང་བ་ཆེན་པོ་ཚོར་རོ་སྙམ་དུ་སེམས་སོ།། དཔེར་ན་བྷ་གག་དུས་ལ་བབ་ན་ཤར་ཕྱོགས་སུ་བརྟགས་ནས། སྐྱ་རེངས་ཤར་བར་རིག་སྟེ་སྐད་འབྱིན་ཏོ།། སྐྱེ་མཆེད་དྲུག་སྔོ་བཞིད
139a7 དང་བ་ལས། ཟབ་ཅིང་ལུང་བ་མེད་པའི་ནས་ན། དང་བ་གསལ་བའི་ཕྱིར་འཇུག་པར་འདུག་པོའི་གནས་མེད་འཇུག་པ་མེད་དོ།། ཕྱོགས་བཅུའི་རིགས་བཅུ་གཉིས་ཀྱང་ཟབ་མོ་ལས་ཐར་ཏེ།
iiif viewer powered by OpenSeadragon
138b - 139b