| | e-texts navigator
|
138a1 མཐུན་པས། མུ་སྟེགས་ཅན་གྱི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ།། དེའི་མིང་ནི་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་ཕྱི་མའི་རབས་ཀུན་མེད་དོ་ཞེས། བྱིན།
138a2 ཅི་ལོག་ཏུ་གཞུང་འཛུགས་པའི་མུ་སྟེགས་ཅན་བརྒྱད་པའོ།། ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོག
138a3 པ་ལས། སྐྱེ་བའི་ཕོ་མོ་ལ་བརྟག་ན་ཐ་མ་སྐྱེ་བ་མེད་དོ་སྙམ་ནས། དེ་ལ་ནོར་བའི་ཕྱིར་མུ་སྟེགས་ཅན་ཆད་པར་ལྟ་བར་འགྱུར་ཏོ།། ལུས་འགག་པའི་འོག་ཏུ་འདོད་པ་ཡང་འགོག། སྡུག་བསྔལ
138a4 ཡང་འགོག། ཤི་ན་དགའ་བ་ཡང་འགོག། ཤི་ན་བཏང་སྙོམས་ཀྱང་འགོག། ཡན་མན་བཞི་རུ་བརྟགས་ན། ཤི་བའི་འོག་ཏུ་སྐྱེ་བ་ཡང་ཅད་མེད་དོ་ཞེས་སྨྲ་སྟེ། བྱང་ཆུབ་ཀྱི་སེམས་ནི་འཆོལ་ཏེ།
138a5 ཤི་བའི་འོག་ཏུ་ཕུང་པོ་ལྔ་ཆད་པར་ཕྱིན་ཅི་ལོག་ཏུ་ལྟ་བའི་མུ་སྟེགས་ཅན་དགུ་པའོ།། ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད་ན། བདུད་ཀྱིས་གླག་མི
138a6 རྙེད་དེ། སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དེ། ཟབ་མོ་དག་པ་དེ་ལ་བརྟགས་ན་ཉོན་མོངས་པ་རྟག་པར་འཁྲུལ་པའི་གཞི་ལས་རྒྱུ་བ་མ་ཟད་དེ། ཡང་ཕྱི་མ་ཡོད་པར་དམིགས་པའི་རྟོག་པ་སྐྱེས་ནས། མི
138a7 དེ་མྱ་ངན་ལས་འདས་པའི་རྣམ་ལྔའི་ནང་དུ་ལྷུང་ངོ་།། ཆེད་འགའ་ནི་འདོད་པའི་ཁམས་ཀྱི་དང་པོ་འཁོར་བ་ལ་བརྟེན་ཏེ། བརྟགས་ནས་མཐོང་ཞིང་རྒྱས་པའི་སྐྱེ་བ་ལ་སྲེད་དོ།། རེས་འགའ་ནི་བསམ
iiif viewer powered by OpenSeadragon
137b - 138b