| | e-texts navigator
|
137b1 ནི་ལྔ་ལུང་གི་ནང་ནས་ཤི་བའི་འོག་ཏུ་གཟུགས་མེད་དོ་ཞེས་ཕྱིན་ཅི་ལོག་གཞུང་འཛུགས་པའི་མུ་སྟེགས་ཅན་བདུན་པའོ།། ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་དག་པར་ཉིད་ལ་རྩེ་གཅིག
137b2 ཏུ་བར་ཆད་མེད་ན། བདུད་ཀྱི་སེམས་ཐག་ཆད་དོ།། སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དེ། ཟབ་མོ་དང་བརྟགས་ན།། ཉོན་མོངས་པ་རྟག་པར་འཁྲུག་པའི་གཞི་རྒྱུ་མ་ཟད་པས་རྟོག་པ་སྐྱེས་ཏེ།
137b3 འདུ་བྱེད་ཀྱི་ཕུང་པོའི་ནང་ནས་མི་དེས་མི་ཚོར་བ་དང་། འདུ་ཤེས་ཀྱི་ཕུང་པོ་འགོག་སྟེ། ཡོད་པ་དང་མེད་པ་གཉིས་ཀའི་མཚན་ཉིད་གཅིག་གིས་གཅིག་བེ་ཤིག་སྟེ་ཤི་བའི་འོག་ཏུ་མེད།།
137b4 དོ་ཞེས་ཕྱིན་ཅི་ལོག་གི་སེམས་སྐྱེས་སོ།། ཡང་གཟུགས་དང་། ཚོར་བ་དང་། འདུ་ཤེས་ཀྱི་ནང་ནས་ཡོད་པ་དང་། མེད་པར་མཐོང་སྟེ། འདུ་བྱེད་འགྱུར་བ་དང་། རྒྱུ་བ་མེད་པས་ན་མེད་པ
137b5 མ་ཡིན་པར་ཡང་རྟོག་གོ། དེ་བཞིན་དུ་འཁོར་བའི་ཕུང་པོའི་ཁམས་ཀྱི་ནང་པ་ལ་བརྟགས་ནཱ་བརྒྱད་པོ་ཐམས་ཅད་ཀྱི་གཟུགས་མེད་དེ། འགོག་པོའི་རྐྱེན་གཅིག་ཐོབ་པར་ཟད་དོ།།
137b6 བའི་འོག་ཏུ་གཟུགས་ཡོད་པ་དང་། མེད་པའི་སྒྲའོ།། ཡང་འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་ནི་ལྡང་དུབ་པའི་ཕྱིར། མངོན་པར་ཤེས་པར་སེམས་བསྐྱེད་དོ།། རིགས་པའི་ཡོད་པ་དང་། མེད་པ་ཐམས
137b7 ཅད་ནི་ཡོད་པ་མ་ཡིན་པར་རྟོག་པའི་ཕྱིར་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་འཁྲུལ་ཅིང་ནོར་ཏེ། ཤི་བའི་འོག་ཏུ་ཀུན་མེད་དེ་ཕྱི་ས་མོས་པ་མེད་པར་འགྱུར་རོ་ཞེས་རྟོག་པའི་ཕྱིརདེ་ནི་ལམ་དང་མི
iiif viewer powered by OpenSeadragon
137a - 138a