| | e-texts navigator
|
137a1 གཟུགས་ཡོད་དོ་ཞེས་ཕྱིན་ཅི་ལོག་ཏུ་གཞུང་འཛུགས་པའི་མུ་སྟེགས་ཅན་དྲུག་པའོ།། ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆུད་མེད་ན།
137a2 བདུད་ཀྱི་སེམས་ཐག་ཆད་དོ།། སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དེ། ཟབ་མོ་དང་བདེ་བ་ལ་བརྟ་གཱན་ཉོན་མོངས་པ་རྟག་པར་འཁྲུག་པའི་གཞི་ལ་རྒྱུ་མ་ཟད་དེ་རྟོག་སྐྱེས་ནས། མི་དེ་ནི་གཟུགས་དང་། ཚོར་བ་དང་།།
137a3 འདུ་ཤེས་སྔ་མ་སེལ་ཅིང་། འགོག་པ་ལས་རྟོག་པ་སྐྱེས་ཏེ་ག་ཤི་བའི་འོག་ཏུ་འདུ་ཤེས་མེད་དོ་ཞེས་ཕྱིན་ཅི་ལོག་གི་སེམས་སྐྱེས་ནས། གཟུགས་ནི་མེད་པར་མཐོང་སྟེ། ཁ་དོག་ནི་རྒྱུ་མེད
137a4 པར་རྟོག་གོ།། བརྟགས་ན་འདུ་ཤེས་བཀག་སྟེ། སེམས་ཅན་སེམས་ཆགས་པ་མེད་ཅིང་ཚོར་བ་བཀག་པ་ཤེས་ན་ཕྱི་མའི་འབྲེལ་བ་མེད་དེ། ཕུང་པོའི་རང་བཞིན་ཞི་ཞིང་བྲལ་ལོ།། སྐྱེ་བ་ཡོད།
137a5 དུ་ཟིན་ཀྱང་ཚོར་བའི་འདུ་ཤེས་མེད་དེ། རྩཝ་ཤིང་དང་འདྲའོ།། འདི་ལྟར་མངོན་སུམ་དུ་བར་བཅད་དེ། ཐོབ་པ་མེད་ན་ཤི་བའི་འོག་ཏུ་ལྟ་ག་ལ་འོང་ཞེས་བརྟགས་ན་དེ་ལྟ་བུའི་མི་རབ་ས་ནི་ཤི་བའི་འོག་ཏུ
137a6 གཟུགས་མེད་དེ། འདྲི་འདྲ་བའི་འཁོར་བའི་ཕྱིར། གཟུགས་མེད་པའི་བརྒྱད་ནི་ཡོད་སྙམ་མོ།། མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་ནི་སྟོང་པའོ་ཞེས་དེ་ལྟ་བུར་དམིགས་ནས།
137a7 མི་ཡང་གི་ནར་ཟད་ཀྱི། ཡེ་ནས་ཆད་ཅིང་ཐོགས་པའོ་ཞེས་དེ་ལྟར་ཡང་རྟོག་པའི་ཕྱིར། ཤི་བའི་འོག་ཏུ་མེད་དོ་ཞེས་ནས། མུ་སྟེགས་ཀྱི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ།། དེའི་ཕྱིར།
iiif viewer powered by OpenSeadragon
136b - 137b