e-texts navigator
Collection
Volume
Page
Wylie

136a1 འགོག་པ་ཞེས་བྱའོ།། སོ་སོར་སྐྱེ་བ་ནི་ཡོད་པའོ།། སོ་སོར་འཆི་བ་དེ་ནི་མེད་པ་ཞེས་བྱ་སྟེ། སྤྱིའི་དོན་ལ་བལྟས་ན་སྤྱོད་པ་མཐའ་དད་པར་མཐོང་ངོ་།། ཆོས་འདོད་པའི་མི
136a2 ངག་འོངས་ཏེ་དོན་དྲི་ན། ལན་དུ་དད་ནི་སྐྱེ་ཡང་སྐྱེ་འགག་ཀྱང་འགག། ཡོད་ཀྱང་ཡོད། མེད་ཀྱང་མེད་དོ།། འཕེལ་ཡང་འཕེལ་ལ། འབྲི་ཡང་འ་བྲིའོ་ཞེས་ཐམས་ཅད་དུ་ཡང་འཁྲུལ་པར་སྨྲ་སྟེ།
136a3 གཞན་གྱི་ཚིག་དོན་སྦྱོར་བར་བྱེད་དོ།། གཉིས་པ་ནི་མི་དེས་ཡང་དག་པར་སེམས་བརྟགས་ན་བར་བར་ནི་མེད་པའི་གནས་མེད་པར་རིགས་མི་དག་གིས་ཆོས་དྲིས་ན། ཅི་ཡང་མེད་དོ་ཞེས་ཚིག
136a4 གཅིག་པུས་ལན་ལྗོན་ཏེ། མེད་དོ་ཞེས་བྱ་བའི་ཚིག་ལ་མ་གཏོགས་པ་གཞན་མི་སྨྲའོ།། གསུམ་པ་མི་དེས་ཡང་དག་པར་སེམས་ལ་བརྟགས་ན། སེམས་དེ་སོ་སོར་ཡོད་པའི་གནས་ན་ཡོད་པར
136a5 རིག་སྟེ། ཆོས་འདྲི་བའི་མི་དག་ཡོད་དོ་ཞེས་ཚིག་གཅིག་པུས་ལན་ལྗོན་ཏེ། དེ་ལ་མ་གཏོགས་པའི་ཚིག་གཞན་མི་སྨྲའོ།། བཞི་པ་ནི་མི་དེས་ཡོད་པ་དང་མེད་པ་གཉིས་ཀར་མཐོང་སྟེ་། རྣམ་པ
136a6 གཉིས་ཀར་མཐོང་སྟེ། རྣམ་པ་གཉིས་ཀར་མཐོང་བའི་ཕྱིར་རང་གི་སེམས་འཁྲུག་གོ།། ཆོས་འདྲི་བའི་མི་དག་ལ་ཡོད་ཀྱང་ཡོད། མེད་ཀྱང་མེད་དོ་ཞེས་ལན་ལྡོན་ཏེ། ཡོད་པའི་ནང་ན་ཡང
136a7 མེད་པའོ།། མེད་པའི་ནང་ན་ཡང་ཡོད་པ་ཞེས་ནས། དུས་ཐམས་ཅད་དུ་ཡང་གཞན་གྱི་སེམས་དཀྲུགས་ཏེ། དྲི་བའི་སྐབས་ཀྱང་མེད་ནས་ད་དུང་དེ་སྟོང་ཞིང་མེད་དོ་ཞེས་དཔྱོད་པའི




iiif viewer powered by OpenSeadragon

135b - 136b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa