e-texts navigator
Collection
Volume
Page
Wylie

135b1 ཅན་དག་གི་ཤེས་པའི་རང་བཞིན་ནི་ངས་ཀྱང་མི་ཤེས་སོ་ཞེས་དེའི་ཕྱིར། མཐའ་དང་བྲལ་བའི་སེམས་མ་ཐོབ་ནས། མཐའ་ལ་གནས་པའི་སེམས་ཀྱང་ཡོད་པ་སྙམ་མོ།། བཞི་པ་ནི་འདུ་བྱེད་ཀྱི།
135b2 སྟོང་པ་ཉིད་རྗེས་བཅད་ན། སེམས་ཅན་ཐམས་ཅད་ལུས་གཅིག་གི་ནང་ནས་ཕྱེད་ནི་སྐྱེ། ཕྱེད་ནི་འཆིའོ་སྙམ་སྟེ། འཇིག་རྟེན་གྱི་ནང་ན་ཕྱེད་ནི་མཐའ་ཡོད། ཕྱེད་ནི་མཐའ་དེ་དང་བྲལ་བར་རྟོག་པའི
135b3 ཕྱིར་མུ་སྟེགས་ཅན་མཐའ་ཡོད་པ་དང་མཐའ་མེད་པར་ལྟ་བའི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏེ། དེའི་མིང་ནི་མཐའ་ཡོད་པའི་ལྟ་བའི་མུ་སྟེགས་ཅན་བཞི་པའོ།། རིགས་ཀྱི་བུ་དག
135b4 ཡང་ཏིང་ངེ་འཛིན་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད་ན། བདུད་རྣམས་སེམས་ཐག་ཆད་དོ།། སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དེ། ཟབ་མོ་དང་བདེ་བ་བརྟགས་ན་ཉོན་མོངས། རྟག་པར་འཁྲུལ
135b5 པའི་གཞི་རྒྱུ་བ་མ་ཟད་པས་རྟོག་པ་སྐྱེས་ཏེ། མི་དེ་ནི་ཕྱིན་ཅི་ལོག་བཞིའི་མི་སྐྱེ་བའི་ཁྱབ་པར་འཁྲུག་པའི་རྗེས་སུ་དཔོག་པའི་མི་བདེན་པའོ།། དེ་ལ་གཅིག་ནི་མི་དེས་སེམས་ལྡང་དུབ་ཀྱི་རྩ་བ་ལ་བརྟག།
135b6 ན། སེམས་ནི་རྒྱུན་དུ་རྒྱུ་བར་མཐོང་སྟེ། དེ་ནི་འགྱུར་བ་གཅིག་གིས་གཅིག་བསགས་པ་ནི་རྟག་པ་སྙམ་སྟེ། སེམས་ཡོད་པར་མཐོང་བ་ནི་སྐྱེས་པ་ཞེས་བྱ། མཐོང་བ་ཉིད་མི་མཐོང་བ་དེ་ནི་འགོག
135b7 པ་ཞེས་བྱའོ།། སེམས་གཅིག་གིས་བསགས་པ་རྒྱུ་དེའི་གནས་མི་མཐོང་བ་ནི། རང་བཞིན་མ་ཆད་པའི་གནས་ཏེ། དེ་ནི་འཕེལ་བའོ།། ཡང་དག་པ་ཐུབ་པ་ཡིད་ཀྱི་ཐུབ་པ་ནང་ནས་འབྲེལ་བ་ནི




iiif viewer powered by OpenSeadragon

135a - 136a

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa