e-texts navigator
Collection
Volume
Page
Wylie

135a1 ལས་བྱུང་ཞིང་རྒྱུ་དེ་རང་བཞིན་རྟག་པ་སྙམ་མོ།། དེ་ལ་བཞི་པ་ནི་འདུ་ཤེས་ཀྱི་ཕུང་པོ་ནི་ཟད་པར་ཤེས། འདུ་བྱེད་ཀྱི་ཕུང་པོ་ནི་རྒྱུ་བར་མཐོང་། འདུ་བྱེད་ཀྱི་ཕུང་པོ་ནི་རྟག
135a2 པར་རྒྱུ་སྟེ། རྟག་པར་གནས་པའི་རང་བཞིན་ནོ།། གཟུགས་དང་། ཚོར་བ་དང་། འདུ་བྱེད་ལ་སོགས་པ་ནི་བཀག་ཅིང་ཟད་དེ། དེ་ནི་མི་རྟག་པ་ཡིན་ནོ་སྙམ་དུ་རྟོག་སྟེ། རྣམ་པ་ཁ་ཅིག་ནི
135a3 རྟག་པ་སྙམ་དུ་སེམས་པ་དེ་ནི། མུ་སྟེགས་ཅན་གྱི་ནང་དུ་ལྷུང་ནས། བྱང་ཆུབ་ཀྱི་ངོ་བོ་ཉིད་ནོར་ཏོ།། དེའི་མིང་ནི་རྟག་པར་ལྟ་བའི་མུ་སྟེགས་ཅན་གསུམ་པའོ།། རིགས་ཀྱི་བུ་དག་ཏིང་ངེ་འཛིན
135a4 ལས་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད་ན། བདུད་རྣམས་སེམས་ཐག་ཚོད་དོ།། རང་གིས་སུའི་ནང་ནས་རྟོག་ཅིང་དམིགས་པ་སྐྱེས་ནས། མི་དེ་མཐའ་བཞིར་ལྷུང་ངོ་།། དེ་ལ་དྲང་པོ
135a5 ནི་མི་དེས་སྐྱེས་པའི་རྩ་བ་ལ་སེམས་ཆགས་ནས། རྒྱུ་དེའི་སྤྱོད་པ་མ་ཆད་དེ། འདས་པ་དང་མ་འོངས་པའི་ནི་མཐའ་ཡིན་ཏེ། རྒྱུ་ནི་མི་འཆད་པར་མཐའ་དང་བྲལ་བར་སེམསསོ།། གཉིས་པ་ནི་མེ་ངེས
135a6 བསྐལ་པ་བརྒྱད་ཁྲིའི་བར་དུ་བརྟགས་ན། དེ་ཕན་ཆད་ནི་སེམས་ཅན་དག་གིས་མཐོང་བ་དང་། ཐོས་པ་དང་། ཤེས་པའི་གནས་མེད་དེ། དེ་ནི་འཐའ་དང་བྲལ་བ་ཡིན་ནོ།། སེམས་ཅན་ཡོད་པའི
135a7 གནས་ནི་མཐའ་ཡོད་པ་སྙམ་དུ་སེམས་སོ།། གསུམ་པ་ནི་མི་དེས་ང་ནི་ཁྱབ་པར་ཤེས་ཏེ། མཐའ་དེ་བྲལ་བའི་རང་བཞིན་ཐོས་ནས་སེམས་ཅན་ཐམས་ཅད་ནི་ངའི་ནང་ནས་སྣང་ངོ་།། སེམས




iiif viewer powered by OpenSeadragon

134b - 135b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa