| | e-texts navigator
|
134b1 དེའི་མིང་ནི་རྟག་པར་ཁྱབ་པའི་མུ་སྟེགས་ཅན་གཉིས་པའོ།། རིགས་ཀྱི་བུ་དག་ཡང་དག་པ་ཉིད་ལ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བར་ཆད་མེད་ནས་བདུད་ཀྱི་ཐབས་ཀྱིས་མི་བསླུས་སོ།། རང་གི
134b2 རྩ་བའི་རྒྱུ་ཤེས་ཏེ། ཟབ་མོ་དང་བདེ་བ་ལ་བསྟན་ནས། རྟག་པར་བདག་དང་གཞན་དུ་རྟོག་པ་སྐྱེས་ཏེ། དེ་ནི་ཕྱིན་ཅི་ལོག་བཞིའི་ནང་དུ་ལྷུང་ནས། ཁ་ཅིག་ནི་མི་རྟག། ཁ་ཅིག་ནི་རྟག་པར་མཐོང
134b3 ངོ་།། དེ་ལ་གཅིག་ནི་མི་དེས་སེམས་ཅན་གྱི་མཐོང་བ་ལ་ཞིབ་ཏུ་བལྟས་ན། ཕྱོགས་བཅུའི་ཁམས་སུ་ངས་རྟག་པར་ཁྱབ་སྟེ། ཡོངས་ནས་མི་གཡོ་སྙམ་ནས། ང་ནི་ཕྱོགས་བཅུར་ཁྱབ་ཅིང་སྣང་ལ
134b4 མི་གཡོ།། སེམས་ཅན་ཐམས་ཅད་ངའི་ནང་ནས་རང་སྐྱེ། རང་ཆི་སྟེ། ངའི་རང་བཞིན་ནི་རྟག་པ་ཡིན་ནོ།། ངའི་ནང་ནས་སྐྱེ་ཞིང་འཆི་བ་དེ་ནི་མི་རྟག་པའི་རང་བཞིན་སྙམ་མོ།། དེ་ལ་གཉིས་པ་ནི་མི
134b5 དེས་སེམས་ཅན་ལ་མི་ལྟ་བར། ཕྱོགས་བཅུའི་ཁམས་ལ་ཁྱབ་པར་བལྟས་ནས། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ནི་བསྐལ་པས་འཇིགས་པའི་གནས་སུ་མཐོང་སྟེ།
134b6 ཡོད་ནས་མི་རྟག་པ་ཡིན་ནོ།། སྣ་ཚོགས་ཀྱི་རང་བཞིན་གྱི་གནས་པས་མ་ཞིག་པ་དེ་ནི་ཡེ་ནས་རྟག་པ་སྙམ་མོ།། གསུམ་པ་ནི་མི་དེས་སེམས་ཅན་ལ་བལྟས་ན། ང་དང་ཞིང་ཕྲ་བ་ནི་རྡུལ་ཕྲ་མོ་དང་།
134b7 འདྲ་སྟེ། ཕྱོགས་བཅུའི་ཁམས་ནས་འཁོར་ཞིང་། རང་བཞིན་ལ་འགྱུར་བ་མེད་དེ། ལུས་དེ་ཡང་སྐྱེ་ཡང་འཆི་སྟེ། མི་ཞིག་པས་ངའི་རང་བཞིན་རྟག་པ་ཡིན་ནོ།། སྐྱེ་ཤི་ཐམས་ཅད་ནི་ང
iiif viewer powered by OpenSeadragon
134a - 135a