e-texts navigator
Collection
Volume
Page
Wylie

134a1 ནང་ནས། རང་བཞིན་རྒྱུ་མེད་ཀྱང་སྤྱོད་པའི་ཚེ། ཤེས་པར་འགྱུར་རོ་ཞེ་ན། བསྐལ་པ་ཉི་ཁྲིའི་བར་དུ་ཕྱོགས་བཅུའི་སེམས་ཅན་ཇི་རྙེད་ཡོད་པའི་སྐྱེ་ཤིའི་འཁོར་བར་སྐྱེ་ཤིག།
134a2 འཁོར་ཏེ་གྱེས་ཤིང་སྟོར་མ་མྱོང་བས་དེ་ནི་རྟག་པ་སྙམ་དུ་སེམས་སོ།། དེ་ལ་གཉིས་པ་ནི་མི་ངས་ཁམས་བཞི་ལ་བལྟས་ནས། ཁམས་བཞིའི་རང་བཞིན་རྟག་པར་འདུག་སྟེ། སྤྱོད་ཅིང
134a3 སྦྱས་པ་ལས་ཤེས་པར་འགྱུར་རོ།། བསྐལ་བ་བཞི་ཁྲིའི་བར་དུ་ཕྱོགས་བཅུའི་སེམས་ཅན་གྱི་སྐྱེ་ཤི་ཇི་སྙེད་པ་ཀུན་རྟག་སྟེ། གྱེས་ཤིང་སྟོར་མ་མྱོང་སྟེ། དེ་ནི་རྟག་པ་སྙམ་མོ།། དེ་ལ
134a4 གསུམ་དུ་ནི་མི་དེས་སྐྱེ་མཆེད་དྲུག་ཐམས་ཅད་ན། འཇུག་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ནང་ན། ཐོག་མ་ནས་གནས་མེད་དེ། རང་བཞིན་རྟག་པའི་ཕྱིར་སྤྱད་ཅིང་སྦྱངས་ན་གདོད་ཤེས་སོ།།
134a5 བསྐལ་པ་བརྒྱད་ཁྲིའི་བར་དུ་སེམས་ཅན་ཐམས་ཅད་འཁོར་ཏེ། དེ་ཡེ་ནས་རྟག་པ་ལ་གནས་པས། གྱེས་ཤིང་སྟོར་བ་མ་མྱོང་སྟེ། དེ་ལྟར་རྟག་གོ་སྙམ་མོ།། དེ་ལ་བཞིན་ནི་མི་དེས་འདུ
134a6 ཤེས་ཀྱི་རྩ་བ་ཟང་ནས། འཁོར་བའི་སྐྱེ་ཤི་མེད་དེ། སྐྱེ་བ་དང་འཆི་བའི་འཁོར་བའི་རྒྱུ་བ་འགོག་པ་དང་། འདུ་ཤེས་དང་། སེམས་ནི་ཡོངས་ནས་ཟད་པས། ང་ནི་ཡོད་ནས་མང་དོ།། དེའི
134a7 དོན་གྱི་ནང་ན་རང་གི་སྐྱེ་ཤི་མེད་པར་གྲུབ་སྟེ། རྟག་གོ་སྙམ་དུ་རྟོག་པའི་ཕྱིར། ཡང་དག་པར་ཤེས་པའི་གྲོལ་སྟོར་ནས། མུ་སྟེགས་ཀྱི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ལམ་ནི་འཁྲུལ་ཏོ།།




iiif viewer powered by OpenSeadragon

133b - 134b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa