| | e-texts navigator
|
133b1 རྒྱུ་མེད་པར་རང་བཞིན་གྱིས་ཡོད་དོ་སྙམ་དུ་རྟོག་པའི་ཕྱིར། ཡང་དག་པ་དམ་པའི་གྲལ་སྟོར་ནས། མུ་སྟེགས་ཀྱི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏེ། གཉིས་ནི་མི་ངེས།
133b2 ཕྱི་མའི་རྒྱུ་མེད་པ་ལ་བལྟས་ཏེ། དེ་ཅིའི་ཕྱིར་ཞེ་ན། མི་དེས་སྐྱེ་ཤིའི་རྩ་བ་མཐོང་སྟེ། མི་ནི་མིར་སྐྱེ་བར་རིག། བྱ་རོག་ནི་ཡོངས་གནོག། གཞན་ནི་ཡོངས་དཀར། ལྷ་དང་མི་ནི
133b3 ཡོངས་ཀྱི་འགྲེང་། བྱོལ་སོང་ནི་ཡོངས་ཀྱི་བཟུང་། དཀར་པོ་ནི་བཀྲུས་ཏེ་གྱུར་པ་ཡིན་ནག་པོ་ནི་བཅོས་པ་ལས་གྱུར་པ་ཡིན་ཏེ། བསྐལ་པ་བརྒྱད་ཁྲིའི་བུར་དུ་འགྱུར་བ་མེད་དོ།།
133b4 ད་ལྟར་གྱི་དུས་འདི་ཟད་ཀྱི་བར་དེ་བཞིན་ནོ།། ངས་ནི་ཡོངས་ནས་བྱང་ཆུབ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་འགྲུབ་པ་ཡོད་དོ།། ཤེས་པར་གྱིས་ཤིག། དྲི་རིང་ཅི་ཡོད་པའི་ནོར་རྫས་ཡོད།
133b5 ནས། རྒྱུ་མེད་པའོ་ཞེས་དེ་ལྟ་བུ་རྟོག་པའི་ཕྱིར། ཡང་དག་པ་ཁྱབ་པའི་ཤེས་པ་སྟོར་ནས། མུ་སྟེགས་ཀྱི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནོར་ཏོ།། དེའི་མིང་ནི་རྒྱུ་མེད་པའི་མུ་སྟེགས་ཅན
133b6 དང་པོའོ།། ཡང་དགའ་བོ་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་མི་དམིགས་པའི་ཡང་དག་པ་ཉིད་ལ་མཉམ་བཞག་ན། བདུད་རྣམས་སེམས་ཐག་ཆད་དོ།། རང་གི་རྒྱུ་བའི་རྩ་བ་ཤེས་ཏེཟབ་མོ་དང་།
133b7 བདེ་བ་ལ་བརྟགས་ནས། རྟག་པར་རྒྱས་པའི་ནང་ནས་སེམས་ཅན་ལ་ཚོད་འཛིན་ཏེ། མི་དེ་ནི་རྟག་པར་ཁྱབ་པར་ལྟ་བ་བཞིའི་ནང་དུ་ལྷུང་ངོ་།། དེ་ལ་དང་པོ་ནི་སེམས་དང་སེམས་ཀྱི་ཡུལ་གཉིས
iiif viewer powered by OpenSeadragon
133a - 134a