e-texts navigator
Collection
Volume
Page
Wylie

133a1 དེ་ལྟར་དང་བ་ལས་རྙོག་པ་དེ། བདག་གི་དང་བཞིན་དུ་ངོ་བོ་ཉིད་ལ་ཞུགས་ཏེ། གཅིག་དང་ན་བག་ཆགས་མེད་དོ།། དཔེར་ན་ཆུ་རྙོག་པ་ཅན་ལས་དངས་ཏེ་སངས་ན། དང་བ་ཞེས།
133a2 བྱ་སྟེ། དེའི་མིང་ནི་འདུ་བྱེད་ཀྱི་ཕུང་པོ་ཟད་ནས་མི་དེས་ནི་སེམས་ཅན་གྱི་སྙིགས་མ་ལས་འདས་པའོ།། དོན་དེ་ལ་བརྟགས་ན་ཟག་ཅིང་མི་མཐོང་བའི་ཕྱིར་རོ།། དགའ་བོ་ཤེས་པར་བྱོས་ཤིག། ཡང
133a3 དག་པ་ཉིད་ཆུད་ཅིང་མཐོང་སྟེ། ཏིང་ངེ་འཛིན་དུ་འཇུག་པའི་རིགས་ཀྱི་བུ་དག་ཡང་དག་པར་དམིགས་སུ་མེད་པ་དེ་ཉིད་ལ་གཞག་ན། རིགས་ཀྱི་བུ་ལྷའི་བདུད་ཀྱང་སེམས་ཐག་ཆད་དོ།། སྦྱངས
133a4 ཤིང་དང་བ་ཐོབ་ནས། རང་གི་རིགས་ཀྱི་རྩ་བ་ཤེས་ཏེ། རིགས་དེའི་ནང་གི་ཅིང་དང་བ་དེ་བརྟགས་ན། ཉོན་མོངས་པའི་འཁྲུལ་པའི་གཞི་རྒྱུ་བ་རྒྱས་པོ་ལས་རྟོག་པ་སྐྱེས་ནས། མི་དེའི་རྒྱུ་མེད།
133a5 པ་གཉིས་ཀྱི་ནང་དུ་ལྷུང་ངོ་།། དེ་ལ་གཅིག་ནི་མི་དེས་རྩ་བའི་བཞིའི་རྒྱུ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་རྩ་བ་བཤིག་པ་ཐོབ་ན། མིག་གི་རྩ་བ་བརྒྱད་བརྒྱའི་བསོད་ནམོས
133a6 ཐོབ་སྟེ། བསྐལ་པ་བརྒྱད་ཁྲི་ཚུན་ཆུད་ཀྱི་སེམས་ཅན་ཅི་ཡོད་པ་ལས་འཁོར་ཏེ། འདྲིར་ཤི་ནས་ཕ་རོལ་ཏུ་སྐྱེས་ཏེ། འཁོར་བ་དེ་ཉིད་དུ་སེམས་ཅན་འཁོར་བས་མཐོང་ངོ་།། བསྐལ
133a7 པ་བརྒྱད་ཁྲི་ཕན་ཆད་ཀྱི་ནི་མི་སྣང་སྟེ། བལྟར་མེད་པས་དེ་ལྟ་བུར་ཤེས་སོ་སྙམ་དུ་སེམས་ཏེ། འཇིག་རྟེན་འདི་ལ་སོགས་པ་ཕྱོགས་བཅུའི་སེམས་ཅན་བསྐལ་པ་བརྒྱད་ཁྲི་ནས།།




iiif viewer powered by OpenSeadragon

132b - 133b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa