| | e-texts navigator
|
132b1 པའི་ཕྱིན། དེ་བཞིན་གཤེགས་པའི་བཀའ་ཕྱི་མའི་དུས་ཀྱི་ཚེ། སེམས་ཅན་ནོ་ཅོག་ལ་ཁྱབ་པར་མན་ངག་གཞག་ཅིང་འདིའི་དོན་སྐྱོན་ཏེ། ཚོར་བར་གྱིས་ཤིག། ལྷའི་བདུད་ཀྱིས་སྐབས
132b2 མི་རྙེད་པར་གཟུངས་སུ་ཟུང་ཞིག། གདམས་ཤི་བསུངས་ན་བླ་ན་མེད་པའི་ལམ་འགྲུབ་བོ།། ། དམ་པོ་གཉིས་པ་སྟེ་རྔམ། དགའ་བོ་རིགས
132b3 བུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། འདུ་ཤེས་ཀྱི་ཕུང་པོ་ཟད་པའི་མི་དེ་ལ་ནི། རྨི་ལམ་གྱི་འདུ་ཤེས་རྟག་པར་སྙོམས་པར་འགགས་ནས་སད་པ་དང་གཉིད་ལོག་པར་ཅག་ཏུ
132b4 གཅིག་སྟེ། ཚོར་བ་གསལ་བས་སྟོང་ཞིང་དང་ངོ་།། དཔེར་ན་ནམ་མཁའ་དང་བྲལ། སྤྲིན་སྡུག་པོ་ཆེན་པོ་དག་གིས་ཁེབས་པ་མེད་དེ། འཇིག་རྟེན་ཐམས་ཅད་དུ་བལྟས་ན་ས་ཆེན་པོ་དང་།།
132b5 ཆུ་ཆེན་པོ་དང་། མི་དག་ཀྱང་མ་ལོང་གི་ནང་དུ་འདུས་པར་སྣང་བཞིན་དུ། གཟུགས་བརྙན་འབྱུང་བ་ནའང་གོས་པ་མེད། ནུབ་པ་ནའང་གྱུར་པ་མེད་དོ།། སྟོང་པའི་ལེན་པར་སྣང་བ་ལ་བརྟག་ན།
132b6 སྔོན་གྱི་བག་ཆགས་ཏེ། སྐྱེ་ཤིའི་རྩི་བའི་ངོ་བོ་ཉིད་དུ་རིག་ནས། བཙལ་དུ་མི་རྙེད་དེ། རང་པོ་དེ་ཁོ་ན་དང་རོ་གཅིག་གོ།། ཕྱོགས་བཅུ་ཐམས་ཅད་རིགས་བཅུ་གཉིས་ལས་སྐྱེས་པའི་སྐྱེ་བོ་རྣམ།
132b7 ཀྱིས་དོན་མ་རྟོགས་མོད་ཀྱི། ཡུན་རིང་དུ་བསྒོམས་ན་སོ་སོ་ན་དོན་ཁོང་དུ་ཆུད་པར་འགྱུར་ཏེ། དཔེར་ན་རྐྱང་དང་འདྲ་བར་ཁད་ཀྱིས་འདུལ་ལོ།། དེའི་མིང་ནི་འདུ་བྱེད་ཀྱི་ཕུང་པོས་བསྒྲི་བྲི་བའོ།། །
iiif viewer powered by OpenSeadragon
132a - 133a