e-texts navigator
Collection
Volume
Page
Wylie

132a1 གཅིག་གིས་གཅིག་འདོགས་པར་བྱེད་དོ།། དེ་ལྟར་ལྷ་མ་ཡིན་ཡིད་བསྒྱུར་ཞིང་སེམས་ཀྱི་ཁོང་དུ་འཇུག་སྟེ་གཉེན་ཚེ་རབས་དགུ་རིང་ན་ཚེ་རབས་བརྒྱའི་བར་དུ་མི་དགེ་བ
132a2 སྤྱོད་ཅིང་། བདུད་ཀྱི་གཉེན་བཤེས་སུ་འགྱུར་རོ།། དེ་ནས་ཚེ་བརྗེས་ནས་བདུད་ཀྱི་བྲན་དུ་འགྱུར་རོ།། དེ་ནས་ཀྱང་ཡང་དག་པར་ཁྱད་པར་ཤེས་པའི་གྲལ་སྦྱོར་ནས། མཚམས་མེད་པའི་སེམས་ཅན
132a3 དམྱལ་བར་ལྷུང་ངོ་།། ཁྱོད་ཟག་པ་ཟད་པ་ཐོབ་ཀྱང་ཞི་བའི་འགོག་པའི་ནང་དུ་མ་འཇུག་པར། སྔོན་གྱི་སྨོན་ལམ་མ་བཏབ་པར་ཕྱི་མའི་དུས་ངན་པ་ཕྱི་མའི་ཚེ་ག་སྙིང་རྗེ་ཆེན་པོ་བསྐྱེད་དེ། ཡང་དག་པར
132a4 དད་པའི་སེམས་ཅན་རྣམ་གྲོལ་ཞིང་ཐར་པར་གྱིས་ཤིག། བདུད་ཀྱིས་མི་ཚུགས་པར་ཡང་དག་པར་ཤེས་ཤིང་ཐོབ་པར་གྱིས་ཤིག། ངས་ཁྱོད་སྐྱེ་ཤི་ལས་ཐར་ཅིང་གྲོལ་བར་བྱས་སོ།། དུ་ཁྱེད
132a5 སངས་རྒྱས་ཀྱི་བཀའ་བཙུན་པར་བྱོས་ཤིག་དང་། དེ་ནི་སངས་རྒྱས་ལ་ལན་ལྡོན་པ་ཡིན་ནོ།། དགའ་བོ་དེ་རྣམ་པ་བཅུ་ནི་ཏིང་ངེ་འཛིན་གྱི་སྔ་ལྟས་ཡིན་ཏེ། འདི་ཀུན་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ།།
132a6 དེ་དགྲ་ནི་བསྒོམ་པ་ནོར་བ་ལས། དེའི་ཕྱིར་འདྲི་འདྲ་བར་གྱུར་ཏེ། ཕོ་ཐེག་ཅན་གྱི་སྐྱེ་བོ་རྣམས་བསྐྲད་ནས། རང་གི་ཉམ་དྲོད་མ་ཟིན་ཏེ། རྒྱུ་རྐྱེན་དེ་ལྟ་བུ་དང་ཕྲད་ནས།། འཁྲུལ་པར་རང་གིས
132a7 མ་ཤེས་ཏེ། བདག་འཕགས་པའོ་སྙམ་དུ་སེམས་པ་དེ་ནི། བརྫུན་ཆེན་པོར་འགྱུར་ཏེ། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། ཁྱེད་ལ་སོགས་པསང་མྱ་ངན་ལས་འདས




iiif viewer powered by OpenSeadragon

131b - 132b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa