e-texts navigator
Collection
Volume
Page
Wylie

131b1 དགས་མོ་དང་། ཕྱོགས་བཞིའི་རྒྱལ་པོའི་དང་། ཤ་ཟའི་བུ་དང་འདྲ་སྟེ། སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཏིང་ངེ་འཛིན་དང་བྲལ་བའི་མི་དག་གི་ཁུ་ཆུ་འཐུང་ངོ་།། བར་བར་ནི་སྟོན
131b2 པའི་མཁན་པོ་མེད་པ། རང་དགེ་བ་སྤྱོད་པ་དག་གིས་མཐོང་བ་དང་། ང་ནི་རྡོ་རྗེ་འཆང་བ་ཡིན་ཏེ། ཁྱོད་ལ་ཚེ་རིང་བར་བྱའོ་ཞེས་སྨྲའོ།། ཆེད་དུ་འགའ་ནི་བུད་མེད་བཟང་མོར་སྤྲུལ་ཏེ། གཡེམ་རྒྱས།
131b3 པར་སྤྱད་ནས། ལོ་མང་པོ་མ་ལོན་པར་ཀླད་པ་དང་། མཆིན་པ་བསྐམས་སོ།། རང་གཅིག་པུ་ཡང་སྨྲ་བར་བྱེད་དོ།། མི་དག་དང་ཕྲད་དེ་གཏམ་བྱས་ནས་གླེན་པར་འགྱུར་བར་བྱེད་དོ།། མིའི
131b4 སེམས་བསྒྱུར་ཞིང་མི་དག་ལ་གནོད་པ་བྱེད་དོ།། དེ་དག་གིས་མ་ཚོར་ནས། རྒྱལ་པོའི་གྱོད་ལ་ཐོགས་སོ།། འཆི་བའི་ཚེ་དུས་ལ་མ་བབ་པར་བསྐམས་ཏེ་འཆིའོ།། གློ་བུར་དུ་ཡང་འཆི་བར་འགྱུར།
131b5 རོ།། ཁྱོད་འཁོར་བ་ལ་མ་འཇུག་པར་སྔར་ཚོར་བར་གྱིས་ཤིག། འཁྲུལ་ཅིང་བསླུས་པར་མི་ཤེས་ན། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྷུང་ངོ་།། དགའ་བོ་བདུད་དེ་རྣམས་བཅུ་ནི
131b6 མ་འོངས་པའི་དུས་ཀྱི་ཚེ། ངའི་གསུང་རབ་ལས་རབ་ཏུ་འབྱུང་སྟེ། ཆོས་ཀྱི་ལམ་སྒྲུབ་པའི་མིའི་སེམས་ཀྱི་ནང་དུ་འཇུག་པར་བྱེད་དོ།། རེས་འགའ་ནི་རང་མངོན་པར་སྟོན་ཅིང་མི་དག་ལ་འདི་སྐད་དུ་སྨྲའོ།། །
131b7 ཡང་དག་པར་ཁྱབ་པར་ཤེས་པར་ཚོར་རོ།། གཡེམ་པ་སྤྱོད་པ་ལ་བསྟོད་ཅིང་སངས་རྒྱས་ཀྱི་ཚུལ་ཁྲིམས་འཇིག་སྟེ། སྔར་ནི་མཁན་པོས་བསླུས། ཕྱིས་ནི་སློབ་མས་བསླུས་ཏེ། གཡེམ་པ་སྤྱོད་ཅིག་པར




iiif viewer powered by OpenSeadragon

131a - 132a

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa