e-texts navigator
Collection
Volume
Page
Wylie

131a1 ཐོབ་ཅིང་། ཕྲ་བའི་གཟུགས་རྟག་པར་འགྱུར་དུ་རེའོ།། དེའི་ཚེ་ལྷའི་བདུད་ཀྱིས་ཀླགས་རྙེད་ནས། ནམ་མཁའི་ལྷ་ལ་རྫུབས་མི་དེ་ལ་ཞུགས་ཏེ། ཚིག་གིས་མདོ་སྡེ་དང་།
131a2 ཆོས་འཆད་པ་དང་། མི་དེས་བདུད་ཀྱིས་བསླུས་པར་མ་ཚོར་ནས། བདག་བདག་གིས་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་དུ་སེམས་སོ།། རིགས་ཀྱི་བུ་ཚེ་རིང་བར་འདོད་པའི་ཐད་དུ་ཕྱིན་ཏེ།།
131a3 གདིང་བ་བཏིང་ནས་ཆོས་འཆད་ཅིང་འདི་སྐད་དུ་སྨྲས་ཏེ། ཁམས་གཞན་དུ་ཡང་ཐོགས་པར་མེད་པར་འགྲོའོ།། བར་བར་ནི་དཔག་ཚད་ཁྲིའི་བར་དུ་ཕྱིན་ཏོ།། དབུགས་གང་ཙམ་གྱི་སླར་འཁོར་རོ།།
131a4 ཁམས་གཞན་ནས་ནོར་བླངས་ཏེ་ཁྱེར་ཞིང་འོང་ངོ་།། བར་བར་ནི་ཁྱིམ་གཅིག་ན་ལྷན་ཅིག་འདུག་པ་དག་ལ་ཡང་གོམ་པ་བདག་ལ་ཡང་འགྲའ་ཙམ་ལ་ཡང་། ཤར་ཕྱོགས་ཀྱི་རྩིག་དྲུང་ནས་ནུབ
131a5 ཕྱོགས་ཀྱི་རྩིག་པའི་བར་དུ་མགྱོགས་པར་སོང་ཡང་། ལོ་དུ་མར་ཡང་མི་ཕྱིན་པར་བྱེད་དེ། དེའི་ཕྱིར་སེམས་ཅན་དག་ཡིད་ཆེས་པར་བྱེད་དེ། ཡིད་ཆེས་ནས་དེ་ཉིད་སངས་རྒྱས་ཡིན་ནོ་སྙམ་དུ་སེམསསོ།།
131a6 ཚིག་ཏུ་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ངའི་བུ་ཡིན། བདག་ལས་སངས་རྒྱས་ཐམས་ཅད་སྐྱེས། ངའི་འཇིག་རྟེན་དུ་བྱུང་། ང་ནི་ཡེ་ནས་སངས་རྒྱས་པ་ཡིན་ཏེ། འཇིག་རྟེན་དུ་འབྱུང
131a7 མོད་ཀྱི། འདུས་བྱས་ལ་སྐྱེས་པ་མ་ཡིན་ནོ་ཞེས་ཟེར་ཏེ། དེའི་མིང་ནི་འཇིག་རྟེན་གྱི་རང་དབང་ཅན་གྱི་ལྷོའི་བདུད་ཡིན་ཏེ། རང་གི་གཉེན་བཤེས་ཀྱང་ལས་བྱེད་དུ་བཅུག་ནས། ཙ་མུན་ཚའི་ཡི།




iiif viewer powered by OpenSeadragon

130b - 131b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa