| | e-texts navigator
|
130a1 བྱེད་དོ།། དེ་ལ་སྐྱོ་བ་དང་ཆོག་པའི་སེམས་སྐྱེས་ནས། ལུས་དང་བྲལ་བ་དང་། མཁན་པོ་དང་སློབ་མར་བཅས་ཏེ་རྒྱལ་པོའི་གྱོད་ལ་ཐོགས་སོ།། དེ་བས་ན་ཁྱོད་འཁོར།།
130a2 བ་ལ་མ་འཇུག་པར་སྔར་ཚོར་བར་གྱིས་ཤིག། འཁྲུལ་ཅིང་བསླུས་པར་མི་ཤེས་ན། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྷུང་ངོ་།། ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་སྟོང་ཞིང་ཟབ
130a3 པར་ལོག་པའི་ཁྲིན་ལ་མ་ཐོགས་པར་བྱེད་པས། ཏིང་ངེ་འཛིན་གསལ་བ་རྒྱས་པ་བྱུང་བ་ལས། ལོག་པར་འཇུག་པ་ལ་སྲེད་ཅིང་ཚོལ་ཏེ། ཡུན་རིང་དུ་སྦྱོང་ཞིང་སྟོང་པ་ཟབ་མོའི་རང་བཞིན་ལ་འཇུག
130a4 སྟེ་དེ་ལ་འདོད་ཅིང་ཚོལ་ལོ།། དེའི་ཚེ་ལྷའི་བདུད་ཀྱིས་ཀླགས་རྙེད་དེ། ནམ་མཁའི་ལྷ་རྫུབས་མི་དེ་ལ་ཞུགས་ཏེ། ཚིག་གིས་མདོ་སྡེ་དང་། ཆོས་བཤད་པ་དང་། མི་དེས་མ་ཚོར་ཏེ། བདུད
130a5 ཀྱིས་བསླུས་པ་ལ། བདག་གིས་མྱ་ངན་ལས་འདས་སོ་སྙམ་དུ་སེམས་སོ།། རིགས་ཀྱི་བུ་དག་འགོག་པ་སྲེད་པའི་ཐད་དུ་ཕྱིན་ནས། གདིང་བ་བཏིང་སྟེ། ཆོས་བཤད་ནས། འཁོར་མང་པོའི།
130a6 ནང་དུ། བདག་གིས་ལུས་སེམས་ཀྱི་སྐད་ཅིག་ཙམ་ཞིག་སྟོང་པར་གྱུར་ཏེ། འཁོར་གྱིས་མི་མཐོང་བར་བྱེད། ཡང་སྟོང་པའི་ནང་ནས་སེམས་ཀྱི་སྐད་ཅིག་ཙམ་གྱིས་བྱུང་སྟེ། འབྱུང་བ་དང་ནུས
130a7 པར་བྱེད་པའི་དབང་ཐོབ་བོ།། བར་བར་ནི་ལུས་བཻ་ཌཱུཪྻ་ལྟ་བུར་སྟོན། བར་བར་ནི་ལག་པ་ཐུར་དུ་སྤུངས་ཏེ་ཙན་དན་གྱི་དྲི་འབྱིན། བར་བར་ནི་ཕྱི་ས་ཆེ་ཆུང་ཡང་ཁར་སྟུག་པོ་དང་འདྲའོ།།
iiif viewer powered by OpenSeadragon
129b - 130b