| | e-texts navigator
|
129b1 འགྲོའོ།། བར་བར་ནི་ནམ་མཁའ་ལ་མི་གཡོ་བར་འདུག་གོ།། བར་བར་ནི་རིལ་བའི་ནང་དང་། རྒྱལ་བའི་ནང་དུ་ཡང་འདུག་གོ། བར་བར་ནི་རྩིག་པ་ལ་ཡང་ཐོགས་པ་མེད་པར་འགྲོ་སྟེ།
129b2 མཚོན་ཆ་དང་དམག་ལ་རང་དབང་ཐོབ་བོ།། བདག་ཉིད་སངས་རྒྱས་ཡིན་ནོ་ཞེས་སྨེ་སྟེ། གོས་སྐྱ་བོ་ལུས་ལ་གྱོན་ནམ། དགེ་སློང་དག་ལ་ཕྱག་འཚལ་དུ་འཇུག། བསམ་གཏན་དང་ཚུལ་ཁྲིམས་ལ་ནི
129b3 སྐུར་པ་འདེབས། དགེ་འདུན་ལ་ནི་ཁ་ངན་ཟེར། མིང་ག་ལ་ཀླན་ཀོ་ཚོལ་ཡང་། གཞན་གྱི་དཔྱས་སུ་བྱ་བར་མི་དོགས་ཏེ། ཚིག་ཏུ་ནི་རྫུ་འཕྲུལ་གྱི་དབང་གི་གཏམ་དག་སྨྲའོ།། བར་བར་ནི་མི་དག་ལ
129b4 སངས་རྒྱས་ཀྱི་ཞིང་མཐོང་བར་སྟོན་ཏེ། དེ་ནི་ཡི་དགས་ཀྱིས་བྱིན་གྱིས་བརླབས་ཏེ། བདེ་བ་མ་ཡིན་ནོ།། གཡེམ་པ་སྤྱོད་པ་ལ་བསྟོད། ཁ་ན་མ་ཐོ་བའི་སྡིག་ཆེན་པོ་ཡང་མི་འཛེམ་སྟེ། མི་ཚངས་པ
129b5 སྤྱོད་པ་ལ་ཆོས་གཏམས་པ་ཡིན་ནོ་ཞེས་ཟེར་ཏེ། དེའི་མིང་ནི་ནམ་མཁའ་དང་། སའི་ལྷ་མཐུ་བོ་ཆེ་དང་། རིའི་ལྷ་དང་། མཚོའི་ལྷ་དང་། རླུང་གི་ལྷ་དང་། ཆུ་ཀླུང་གི་ལྷ་དང་། ས་རོའི་ལྷ་དང་། རྩཝ་དང་།
129b6 རྩི་དང་། ཤིང་ཐམས་ཅད་ཀྱི་ལྷ་དང་། བསྐལ་པ་རྩེགས་ལྷ་དང་། སེམས་བསྒྱུར་བའི་ལྷ་དང་། སེམས་སྒྱུར་བའི་གླུ་འགྲུབ་དང་། དྲང་སྲོང་ཚེ་རིང་པོ་ཚེ་རིང་པོ་ཆེ་ཟད་ནས། ཡི་དགས་སུ་གྱུར་པ་དང་།
129b7 དྲང་སྲོང་ཚེ་ཟད་པ་ལོ་གྲངས་ཀྱིས་འཆི་བ་ལ་ཐུག་པ། ལུས་མ་བརྗེས་པ་དང་། གུད་ནས་ལྟས་ངན་གྱི་ཡི་དག་ས་རྣམས་དེའི་ཁོང་དུ་ཞུགས་ཏེ། རྒས་ཟིན་ནས་བདུད་དུ་གྱུར་ཏེ། མི་དེ་ལ་གནོད་པར
iiif viewer powered by OpenSeadragon
129a - 130a