| | e-texts navigator
|
128a1 སངས་རྒྱས་ཀྱི་ཚུལ་ཁྲིམས་བཤིག། དཀའ་ཐུབ་བསྐྱེད། དགེ་སློང་ལ་སྐུར་པ་འདེབས། དགེ་འདུན་ལ་ཁ་ཟེར། མི་དག་ལ་ཀླན་ཀ་ཚོལ། འཛེམ་པའི་བག།
128a2 མེད་ལྟས་བཟང་ངན་དག་ངག་གིས་སྨྲས་ནས། ཆུང་ངུ་སྐྲ་ཉག་མ་ཙམ་ཡང་མི་ནོར་བར་དུས་བཞིན་དུ་འགྱུར་ཏེ། དེ་ནི་སྟོབས་པོ་ཆེའི་ཡི་དགས་རྒས་པ་དང་། བདུད་དུ་གྱུར་ཏེ་མི་དེ་ལ
128a3 གནོད་པར་བྱེད་དོ།། དེ་ནས་མི་དེ་ལ་སྐྱོ་ཞིང་ཆོག་པའི་སེམས་སྐྱེས་ནས། དེའི་ལུས་ལས་བྲལ་བ་དང་། མཁན་པོ་དང་སློབ་མར་བཅས་ཏེ་རྒྱལ་པོའི་གྱོད་ལ་ཐོགས་སོ།། ཁྱོད་འཁོར
128a4 བཱ་ལ་མ་འཇུག་པར་སྔར་ཚོར་བར་གྱིས་ཤིག། འཁྲུལ་ཅིང་བསླུས་པར་མི་ཤེས་ན། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།། ཡང་རིགས་ཀྱི་བུ་དག་ཚོར་བའི་ཕུང་པོ་སྟོང
128a5 ཞིང་ཟབ་པར། ལོག་པའི་ཁྱིན་ལ་མ་ཐོགས་པར་བག་མེད་པས། ཏིང་ངེ་འཛིན་གསལ་བ་རྒྱས་པ་བྱུང་བ་ལས། མ་མཐོང་བ་དང་མ་ཐོས་པ་ལ་སེམས་སྲེད་ཅིང་། དཀའ་ཐུབ
128a6 དང་། སྔ་ཕྱི་དྲན་པ་འདོད་ཅིང་ཚོལ་ལོ།། དེའི་ཚེ་ལྷའི་བདུད་ཀྱིས་སྐབས་རྙེད་ནས། ནམ་མཁའི་ལྷ་རྫབས་མི་དེ་ལ་ཞུགས་ཏེ། ངག་གིས་མདོ་སྡེ་དང་ཆོས་བཤད་པ་དང་། མི་དེས་མ་ཚོརན
128a7 བདུད་ཀྱིས་བསླུས་པ་ལ་བདག་གིས་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་དུ་སེམས་སོ།། རིགས་ཀྱི་བུ་དག་སྔ་ཕྱི་དྲན་པའི་འདོད་ཐད་དུ་འོངས་ནས། གདིང་བ་བཏིང་སྟེ།
iiif viewer powered by OpenSeadragon
127b - 128b