e-texts navigator
Collection
Volume
Page
Wylie

127a1 སྟེ། ཆོས་བཤད་བ་དང་། ཉན་པ་དག་ལ་སེམས་ཀྱི་སྐད་ཅིག་ཙུམ་ཞིག་ལུས་བརྟན་ནུསཀ། ལོབ་རྒྱུ་སྦྱོང་དུ་འགྲོགས་པ་དང་འདུ་བར་ཆགས་ཏེ་འབྲལ་ཞིང་གཏོང་།
127a2 ཕོད་དོ།། ལུས་ཀྱང་བྲན་གཡོག་དང་མཚུངས་པར་བྱེད་ཅིང་འཚོ་བ་རྣམ་བཞིས་མཆོད་དོ།། ངལ་ཞིང་སྐྱོ་བའི་སེམས་མི་སྐྱེའོ།། སོ་སོ་རང་རང་གི་སྔོན་གྱི་མཁན་པོ་དང་། དགེ་བའི་བཅུ
127a3 གཉེན་ནོ་སྙམ་དུ་ཡང་སེམས་སོ།། ཡང་ཆོས་ལ་སྲེད་པའི་སེམས་སྐྱེས་ཏེ། དེ་ལ་ཚུགས་པའི་སྦྱིན་པ་དང་པསེ་རྩི་འདྲ་སྟེ། ཡོད་མ་མྱོང་བབོ་ཞེས་ནས། བླུན་ཞིང་འཁྲུལ་པའི་མི་དེ་དག་ནི།།
127a4 སེམས་དེ་ལ་བརྟེན་ཅིང་བསྙེན་ནས། སངས་རྒྱས་ཀྱི་ཚུལ་ཁྲིམས་སྡོམ་པ་ཡང་བཤིག་སྟེ། ལྐོག་ན་གཡེམ་པ་སྤྱོད། ངག་གིས་འདི་སྐད་སྨྲས་ཏེ། བདག་ནི་ཚེ་སྔ་མ་ཆེ་གེ་མོ་ཞིག་ཏུ་སྐྱེས
127a5 ཏེ། ཆེ་གེ་མོ་ཞིག་གི་སེམས་ཅན་བསྒྲལ་ཏོ།། དེའི་ཚེ་ན་བ་དག་གི་ཆུང་མ་ཆེན་ཆུང་དང་། ཕུ་ནུ་པོ་དག་ཁྱེད་དང་འགྲོ་གོས་ཏེ་འདིར་འོངས་སོ།། ཆེ་གེ་མོ་ཞིག་གི་ཁམས་སུ་ཆེ་གེ་མོ་ཞིག་གི
127a6 སངས་རྒྱས་ལ་མཆོད་པ་བྱས། ཡང་འོད་ཆེན་གནས་ན་སངས་རྒྱས་བཞུགས་ཏེ། དེ་དེ་བཞིན་གཤེགས་པ་ཐམས་ཅད་གནས་པའི་ས་ཡིན་ནོ་ཞེས་པ་དང་། མི་དག་གི་ས་མ་ཚོར་ནས་བསླུས
127a7 པ་ལ་ཡོད་ཆེས་ཏེ། སྔ་མའི་སེམས་སྟོར་ཏོ།། དེ་ནི་རིམས་ནད་ཀྱི་ཡི་དགས་རྒས་པ་དང་། བདུད་དུ་གྱུར་པ་སྟེ་མི་དེ་ལ་གནོད་པ་བྱེད་དོ།། དེ་ནས་མི་དེ་ལ་སྐྱོ་ཞིང་ཆོག་པའི་སེམས་སྐྱེས་ནས།




iiif viewer powered by OpenSeadragon

126b - 127b

Texts on this page

Ty041-007 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa