| | e-texts navigator
|
11a1 སེར་པོ་འམ། དམར་པོ་འམ། དཀར་པོ་འམ། ལེ་བརྒན་ནཱམ། ཤེལ་དང་། དངུལ་གྱི་ཁ་དོག་གམ། ཡུལ་ན་གནས་པའམ། ཕྱོགས་ན་གནས་པ་ཞེས་བསྟན
11a2 པར་ནུས་སམ། བུ་མོས་སྨྲས་པ་འཇམ་དཔལ་དེ་ནི་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བྱང་ཆུབ་ཀྱང་ནང་ངམ། ཕྱི་རོལ་ལམ། གཉིས་ཀ་མེད་པར་རམ། བྱང་ཆུབ་དེ
11a3 སྔོན་པོ་འམ། སེར་པོ་འམ། དམར་པོ་འམ། དཀར་པོ་འམ། ལེ་བརྒན་ནམ། ཤེལ་དང་། དངུལ་གྱི་ཁ་དོག་གམ། ཡུལ་ན་གནས་པའམ། ཕྱོགས་ན་གནས་པ་ཞེས་བསྟན་པར་མི་ནུས་ཏེ།
11a4 སྲིང་མོ་དེའི་ཕྱིར་གཟུགས་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དོ།། བྱང་ཆུབ་མཉམ་པ་ཉིད་ཀྱིས་གཟུགས་མཉམ་པ་ཉིད་དེ། སྲིང་མོ་དེའི་ཕྱིར་ངས་ཁྱོད་ལ་འདི་སྐད་དུ་ཁྱོད་ཉིད་བྱང་ཆུབ་བོ་ཞེས་སྨྲས
11a5 སོ།། སྲིང་མོ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ནང་ངམ། ཕྱི་རོལ་ལམ། གཉིས་ཀ་མེད་པར་རམ། རྣམ་པར་ཤེས་པ་འདི་སྔོན་པོ
11a6 འམ། སེར་པོ་འམདམར་པོ་འམདཀར་པོ་འམ་ལེ་བརྒན་ནམ། ཤེལ་དང་དངུལ་གྱི་ཁ་དོག་གམ། ཡུལ་ན་གནས་པ་འམ། ཕྱོགས་ན་གནས་པ་ཞེས་བསྟན་པར་ནུས་སམ
11a7 བུ་མོས་སྨྲས་པ། འཇམ་དཔལ་དེ་ནི་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་བྱང་ཆུབ་ཀྱང་ནང་ངམ། ཕྱི་རོལ་ལམ། གཉིས་ཀ་མེད་པར་རམ། བྱང་ཆུབ་དེ་སྔོན་པོའམ།།
iiif viewer powered by OpenSeadragon
10b - 11b