e-texts navigator
Collection
Volume
Page
Wylie

117a1 རྡོ་ལྔའི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཏེ། སྤྲུལ་པའི་སྐུའོ།། དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོས། བཅོམ་ལྡན་འདས་ལ་འདི།
117a2 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས། བཅོམ་ལྡན་འདས་ལས་དམ་པའི་ཆོས་ཐོས་པ་མི་རབ་ཏུ་ལེགས་སོ།། བདེ་བར་གཤེགས་པ་རབ་ཏུ་ལེགས་སོ།། བཅོམ་ལྡན་འདས
117a3 ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདི་གང་གིས་རབ་ཏུ་འཛིན་པ་དེས། བཅོམ་ལྡན་འདས་ཚད་མེད་ཅིང་དཔག་ཏུ་མེད་པ་ཐོབ་བོ།། བཅོམ་ལྡན་འདས
117a4 ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས
117a5 ཀྱིས་གསུངས་པ་ལ་མངོན་པར་བསྟོད་ངོ་།། འཕགས་པ་སྐུ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་སྐད་དུ། སང
117a6 དྷརྨ་རཱ་ཛཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། དེའི་ཚེ་སངས་རྒྱས་ཤིང་སཱ་ལ་གཉིས་ཀྱི་བར་ན་བཞུགས་ཏེ། མྱ་ངན་ལས་འདས
117a7 པར་གཤེགས་ཀར། སེམས་ཅན་ཐམས་ཅད་བརྒྱ་སྟོང་ཁྲི་འབུམ་ཕལ་མང་པོ་ཀུན་ཤིང་གི་དྲུང་ན། སངས་རྒྱས་འཁོར་བར་བསྐོར་ཏེ། འཁོད་ནས་མིག་ནི་ཡར་བཅོམ་ལྡན་འདས་ཀྱི་ཞལ




iiif viewer powered by OpenSeadragon

116b - 117b

Texts on this page

Ty040-012 - 'phags pa sku gsum zhes bya ba theg pa chen po'i mdo
Ty040-013 - dam pa'i chos kyi rgyal po theg pa chen po'i mdo