e-texts navigator
Collection
Volume
Page
Wylie

116b1 གཤེགས་པའི་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་རང་བཞིན་མེད་པའི་དོན་ནོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྤྲིན་ལྷར་འབྱུང་བའི་དོན་ནོ།། སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཏེ།
116b2 ཆར་པ་ལྟ་བུ་སྟེ་ཐམས་ཅད་བངས་པའི་དོན་ཏོ།། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུ་གསུམ་གྱི་བཤད་པ་ཇི་ལྟར
116b3 བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་བཀའ་སྩལ་བ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་གསུམ་ནི་འདི་ལྟར་བལྟ་བར་བྱའོ།། ཆོས་ཀྱི་སྐུ
116b4 ནི་དེ་བཞིན་གཤེགས་པའི་ངོ་བོ་གང་ལ་བལྟ་བར་བྱའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི། བྱང་ཆུབ་སེམས་དཔའི་ངོ་བོ་གང་ལ་བལྟ་བར་བྱའོ།། སྤྲུལ་པའི་སྐུ་ནི་མོས་པར་སྤྱོད་པའི་སོ་སོ་སྐྱེ་བོའོ།།
116b5 ངོ་བོ་གང་ལ་བལྟ་བར་བྱའོ།། རིགས་ཀྱི་བུ་ཆོ་སྐྱེ་སྐུ་ནི་སངས་རྒྱས་ཐམས་ཅད་དང་རང་བཞིན་འཐུན་པར་གནས་སོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་ཏིང་ངེ་འཛིན
116b6 འཐུན་པར་གནས་སོ།། སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་འཕྲིན་ལས་འཐུན་པར་གནས་སོ།། རིགས་ཀྱི་བུ་ཀུན་གཞི་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ།།
116b7 ཉོན་མོངས་པའི་ཡིད་གནས་སུ་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའོ།།




iiif viewer powered by OpenSeadragon

116a - 117a

Texts on this page

Ty040-012 - 'phags pa sku gsum zhes bya ba theg pa chen po'i mdo