| | e-texts navigator
|
98b1 མཛད་དོ།། མིའི་ལྟར་བརྩིན། ལོ་བརྒྱ་ཡང་མི་ཐུབ་སྟེ། དེ་བཞིན་གཤེགས་པ་འདི་ཁོན་ལྟར་སྐུ་ཚེ་ཐུང་བ་ལགས་ན། བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའ་མཛད་མཛད་པའི་ཚེ།
98b2 སྙེད་ཀྱི་སྲོག་གཅིག་བཅད་ལགས། འདི་ཁོ་ན་ལྟར་སྲུ་ན་ཐུང་བ་ལས་ན། དེ་བཞིན་གཤེགས་པ་ཉིད་ཀྱིས་མཆོག་ཏུ་མི་བཟད་པའི་ལས་མཛད་པ་ལགས་དྲུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ
98b3 པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདི་ཁོ་ན་ལྟར་རྒྱ་ཞིག། མ་རྒྱ་ཞིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ
98b4 ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་སྐུ་ཚེ་རིང་ངོ་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་བརྟན་པའོ།། མཆོག་ཏུ་ཞི་བའོ།། མཆོག་ཏུ
98b5 ཐེར་ཟུག་པའོ།། མཆོག་ཏུ་རྟག་པའོ།། འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པས་མཆོག་ཏུ་སྐུ་ཚེ་རིང་ལགས། བཅོམ་ལྡན་འདས
98b6 ཀྱིས་བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དཔེར་ན་ཆུ་ཀླུང་གངྒཱ་དང་། ཡ་མུན་དང་། སར་ཡུ་དང་། ཏིང་འགུ་ལ་སོགས་པ་ཆུ་ཀླུང་ཆེན་པོ་རྣམས་དང་། ཆུ་བྲན་གཞན་རྣམས་རྒྱ་མཚོ
98b7 ཆེན་པོ་ཁོ་ནའི་ནང་དུ་འབབ་པ་དེ་བཞིན་དུ།། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། ལྷ་ཡུལ་དང་སའི་སྟེང་གི་ཚེའི་ཆུ་ཀླུང་ཡོད་དེ་ཅོག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རྒྱ་མཚོ་ཁོ་ནར་འབབ་སྟེ།
iiif viewer powered by OpenSeadragon
98a - 99a