| | e-texts navigator
|
97b1 དེ་ཅིའི་སླད་དུ་ཞེས་ན། དེ་ལ་ནི་ཁོན་གྱི་བསམ་པ་མ་མཆིས་ཏེ། དེ་ལྟར་བགྱིས་ན་བསོད་ནམས་མང་པོ་འཕེལ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དའི།
97b2 དུ། དེ་བཞིན་གཤེགས་པ་ནི་དམ་པའི་ཆོས་སུན་འབྱིན་པའི་སེམས་ཅན་རྣམས་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ཏེ། བུ་རྣམས་སློབ་དཔོན་གྱི་ལག་ཏུ་གཏོང་བ་བཞིན་དུ། རྒྱལ་པོ་དང་།། བློན་པོ
97b3 དང་། དགེ་བསྙེན་རྣམས་ཀྱི་ལག་ཏུ་གཏོད་པར་མཛད་དོ།། དེ་ནས་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་དེ་དག་གིས་བྱིས་པ་གཡེལ་བ་དེ་དག་ཚར་གཅོད་པར་བྱེད་ན། ཅི་དེ་ལ་དེ་བཞིན་གཤེགས་པ
97b4 ལ་སྡིག་པའི་ལས་སུ་འགྱུར་ཞེས་བྱ་འམ། བཅོམ་ལྡན་འདས་དེ་ནི་མ་ལག་ཏེ། རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་རྣམས་ལའང་སྡིག་པའི་ལས་སུ་མི་འགྱུར་ན། དེ་བཞིན་གཤེགས་བགོས
97b5 པ་མཱི་མང་འབྲུ་ལྟ་ལ། གོས་པར་གལ་འགྱུརཏེ། དེ་ཉིད་ཀྱི་ཡོན་ཏན་དྲང་སྤྱོད་པ་བསྲུང་བའི་སླད་དུ། མ་འདོད་བཞིན་དུ་ཆེར་གཅོད་པར་བས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་ས
97b6 གཅིག་པའི་འདུ་ཤེས་བསྒོམ་པ་ཡིན་ཏེ།། གང་དག་དེ་ལྟར་བསྒོམ་པ་དེ་དག་གིས་ནི། བུ་གཅིག་པའི་འདུ་ཤེས་སྒོམ་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས
97b7 ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམ་པར་བྱའོ།། དེ་ལྟར་བྱས་ན་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་བསྒོམ་པ་སྒོམ་པར་འགྱུར་རོ།། དེས་ན་མཆོག་ཏུ་འཆེ་བ་མེད་པ་དག་པར་འགྱུར
iiif viewer powered by OpenSeadragon
97a - 98a