e-texts navigator
Collection
Volume
Page
Wylie

97a1 སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པའང་མ་ལགས། ཏེའུ་དང་ཙན་དན་ལྟ་བུ་ཞེས་བགྱི་བའི་མིང་ཡང་ཀླག་པར་འགྱུར་ན། དམ་པའི་ཆོས་སུན
97a2 འབྱིན་པའི་རྣམས་ཇི་ལྟར་ཚར་གཅོད་པའི་རིགས་ལགས། དེ་བཞིན་གཤེགས་པས་དེ་ལྟར་བགྱིད་དུ་སྤྲུལ་བའི་མི་རིགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས
97a3 ཆེན་པོ་དང་རུས་གཅིག་པ། དཔེར་ན་ཁྱིམ་བདག་གུམ། ཚོང་དཔོན་ནམ།། སྡེ་དཔོན་ནམ། བློན་པོའིམ། རྒྱལ་པོའང་རུང་བ་ཞིག་གིས་རང་གི་བུ་སྡུག་ཅིང་འཕངས་ལ། མཆོག་ཏུ་མཛེས་ཤིང
97a4 བྱད་གཟུགས་ཕུན་སུམ་ཚོགས་པ་རྣམས་སློབ་དཔོན་གྱི་ལག་ཏུ་གཏད་ནས། སློབ་དཔོན་དེ་ལ་འདི་སྐད་ཅེས་སྨྲས་ཏེ། བདག་གི་བུ་འདི་རྣམས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ
97a5 རྣམས་བསླབ་པའི་ཕྱིར་ཁྱོད་ལ་གཏད་ཀྱིས། འདི་རྣམས་ཁྱོད་ཀྱིས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་། རིག་པ་རྣམས་སློབས་ཤིག། ཆོངས་ཤིག། གལ་ཏེ་བདག་གི་བུ་འདི་བཞི་ལས།
97a6 གསུམ་ནི་བརྡེག་པ་དང་། བསྡིགས་པ་དང་། ཚར་བཅད་པ་རྣམས་ཀྱིས་ཤི་བར་གྱུར་ལ། གཅིག་ནི་གསོན་པོར་འདུག་སྟེ། གཅིག་ནི་ལོབས་པར་གྱུར་ན། གསུམ་ནི་ཤི་ཡང་བྲ་སྟེ། གསུམ་ནི
97a7 ཤིན་གཅིག་ནི་ལོབས་པ་དེ། ཅི་སློབ་དཔོན་གྱིས་སྡིག་པའི་ལས་བྱས་ཞེས་བྱ་འམ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ལ་ནི་གཉིས་ཀ་ལའང་སྡིག་པའི་ལས་སུ་མི་འགྱུར་ལགས་སོ།།




iiif viewer powered by OpenSeadragon

96b - 97b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo