e-texts navigator
Collection
Volume
Page
Wylie

77b1 པར་གྱུར་པ་དེ་དག་ལ་ཅི་ཡོད་པ་དང་། དེའི་རྐྱེན་དུ་འཛུམ་པ་དང་། བརྟགས་པའི་སྦྱིན་པ་བྱེད་པ་དེ་ནི་སྦྱར་ཏེ་སྦྱིན་པ་ཞེས་བྱའོ།། སྐུལ་བྲེད་དེ་བཞིན་དུ་ཁྱོད་ཀྱིས་ཅི་ཡོད་པ་ལུས་ཞལ་བས་ཀྱི་རྣམ་དང
77b2 ཡང་རུང་།། ཉུང་ཡང་རུང་། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཁྱད་པར་ཡོད་ཀྱང་རུང་། ཁྱད་པར་མེད་ཀྱང་རུང་སྟེ། འདྲི་མོ་དུ་ཆུག་ཅིག། བཅོམ་ལྡན་འདས་ཡོངས
77b3 སུ་མྱ་ངན་ལས་འདྲའ་བར་གཤེགས་སུཿའོ།། དེ་ནས་སྐུལ་བྱེད་ཀྱིས་སྨྲས་པ། བཙུན་པ་འཇམ་དཔལ་ཁྱོད་ཁ་ཟས་ལྔ་ཆགས་སུམ་ཅི་ན། ཞལ་ཟས་མྱང་ཡང་རུང་།
77b4 ཡང་རུང་དྲི་མས་ཤིག་ཅེས། བདག་གི་གཞན་འདེབས་པར་བྱེད། བཅོམ་ལྡན་འདས་ཀྱིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་མཛད་ན། ཅིང་སྐད་ཅིག་ཙམ་ཡང་བཞེས་མི་སྤྱོད་དམ། དེ་བཞི།
77b5 གཤེགས་པ་ནི་རློས་ཀྱི་སྐུ་ཡིན་ཏེ། ཞལ་ཟས་ཀྱི་སྐུ་མ་ཡིན་ན། ཅི་བཅོམ་ལྡན་འདས་ཞལ་ཟས་གསོལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྐུལ་བྱེད་ཀྱིས
77b6 ཇི་སྐད་སྨྲས་པ་དེ་ནི་དེ་བཞིན་ནོ།། སྐུལ་བྱེད་ལེགས་སོ་ལེགས་སོ།། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེས་རབ་ཆེ་བའོ།། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེད་བྱེ་བའོ།། འཇམ་དཔལ་གྱིས་ཀྱང་འདིས
77b7 ཅེས་སྨྲས་སོ།། གལ་ཏེ་དེ་ལྟར་བཞེད་པར་གྱུར་ན། དེ་བཞིན་གཤེགས་པ་སྐུ་ཚེ་རིང་བར་ཤོག་ཅིག། སྐུལ་བྱེད་ཀྱིས་སྨྲས་པ། ཅི་བདག་འབའ་ཞིག་ལ་བཅོམ་ལྡན་འདས་མཉེས་སམ།




iiif viewer powered by OpenSeadragon

77a - 78a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo