e-texts navigator
Collection
Volume
Page
Wylie

76a1 ཏེ། ཁྱེའུ་དེ་ཁྱེར་བཞིན་དུ་གངྒཱའི་ནང་དུ་གཤེགས་ནས། དེ་བུ་དེ་ལྟ་བྱམས་པའི་བསོད་ནམས་ཀྱི་ཁྱད་པར་གྱིས་ལུས་དང་བྲལ་ཏེ། ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན
76a2 དུ་སྐྱེས་ཏེ། བྱམས་པའི་བསོད་ནམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞིག་གིས་སྐྱེས་ཤེ་ན། བདག་ནི་ཤི་ཡང་བྲའི། ཁྱེའུ་འདི་ཉི་ཞོ་མེད་པར་ཐར་པར་བྱའོ་སྙམ་པའི་བསོད་ནམས་ཀྱི་ཁྱད་པར་གྱིས་སྐྱེས་པ་དེ་བཞིན
76a3 དུ། བཙུན་པ་འཇམ་དཔལ་སྐྱེས་བུ་དམ་པ་དམ་པའི་ཆོས་འབྱུང་བར་འདོད་པས། དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་པར་བལྟ་བར་མི་བྱ་ཞིང་། འདུ་ཤེས་ཀྱང་བསྒྱུར་བར་མི་བྱའོ།། གལ་ཏེ་དྲི་ལྟ
76a4 བུའི་མིག་ལུས་ལ་མེད་ན་ཡང་། བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་བོ་སྙམ་དུ། ཡང་དག་པའི་ལྟ་བཅོན་དུ་བྱའོ།། སེམས་ཅན་ཐམས་ཅད་ལ་ཕན་པའི་གདོམ་དགྲ་བསྟོན་པས་ནི། དེ་བཞིན
76a5 གཤེགས་པ་འདུས་མ་བྱས་པ་ཡིན་ནོ་ཞེས་བསྟན་པར་བྱའོ།། དམ་པའི་ཆོས་འབྱིན་པར་བྱེད་པས་ནི། ཇི་ལྟར་བུད་མེད་གཞོན་ནུ་དབུལ་མོས་གངྒཱའི་ཀླུང་ལས་བུ་བསྒྲལ་བའི་ཕྱིར། རང་གི་སྲོག་དང་བསྔོས
76a6 ཏེ། འབད་པ་དེ་བཞིན་དུ་བྱའོ།། དམ་པའི་ཆོས་འབྱུང་བའི་ཐབས་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་བཞིན་གཤེགས་པ་འདུས་མ་བྱས
76a7 པར་མཐོང་ན། བདག་ཉིད་ཀྱི་དོན་དུ་བྱ་བའི་ཐར་པའི་དོན་རྟོགས་པར་འགྱུར་རོ།། བཙུན་པ་འཇམ་དཔལ་དཔེར་ན་མོ་ལ་ལ་ཞིག་ལམ་དུ་འགྲོ་བས་དུབ་པར་གྱུར་ཏེ། ཁྱིམ་གྱི་ནང་དུ་ཉལ་བ་ལས།




iiif viewer powered by OpenSeadragon

75b - 76b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo