| | e-texts navigator
|
72b1 ཀྱིས།། ཆགས་མེད་ཕྲད་པས་སྲིད་རྩིའི་སབོན་ཀུན།། དྲུངས་ཕྱུང་བདག་ནི་འཁོར་བའི་མམཚན་རྒལ།། མཚོ་ནང་གི་རུས་སྦལ་ནུར་བའི་མགྲིན།། གཉའ་ཤིང་མིག་ཏུ་ཆུང་དཀའ་འདྲ་བ་ལྔས།
72b2 བདེ་གཤེགས་དེང་བྲང་དེ་ལ་སྦྱིན་པ་ཕུལ།། དེ་ནི་ས་བདག་གིས་ཉོན་མོངས་གསོག་ཀུན་བཅོམ།། ལྷ་རྣམས་ཀྱིས་ནི་ཞལ་ཟླས་བཟང་པོ་དང་།། ཕུལ་ཡང་བདེ་གཤེགས་མ་བཞིས་བདག་ལས་ནི།
72b3 ཨེ་ར་ནང་ཡི་མེ་ཏོག་འདྲ་བ་ཞོས་དེས།། བདག་ནི་འཇིག་རྟེན་རབ་མཆོག་དཔལ་ཡོན་ཅན།། ཚངས་པ་བརྒྱ་བྱིན་ལ་སོགས་འཇིག་རྟེན་འདི།། ཐམས་ཅད་ལྷགས་ཏེ་གུས་པར་བདག་ལ་མཆོད།། མྱུར
72b4 གནས་སུ་སོན་པ་གང་ཡིན་འདི།། སྐྱེ་བ་འདི་ཉིད་ལ་ནི་བདག་གིས་ཐོབ། དེ་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མགོན་ཁྱོད་མྱ་ངན་འདའ་བ་མཐོང་ནུས
72b5 ནི།། འཇིག་རྟེན་འདི་ཀུན་སྡུག་བསྔལ་གཟིར་བར་གྱུར།། དབང་མེད་ཀྱི་ཧུད་ཅེས་ནི་སྐད་ཆེར་ཟླ།། འདི་དག་མ་དོར་རྟག་ཏུ་སྲས་བཞིན་གཟིགས།། ལྷུན་པོའི་གསེར་གྱི་རྩེ་མོ་རབ་མཐོ་བ།། མཚོ
72b6 དབུས་ན་མཛེས་པར་གནས་པ་ལྟར།། ཆོས་ཀྱི་མངས་བདག་ཁྱོད་ནི་ཆོས་སྟོན་ཅིང་།། དགེ་འདུན་དབུས་སུ་མཛེས་པར་བཞུགས་སུ་གསོལ།། བཻ་ལྷོར་ཅིམ་གྲ་བི་ཅན་ཤར་བ་ན།། འོད་ཟེར་དྲག་ཀྱི
72b7 སྤྲིནི་སྲབ་སེལ་བ་ལྟར།། དྲང་སྲོང་ཆེན་པོ་ཡེ་ཤེས་སྨོན་ཆེན་གྱིས།། སྐྱེ་བ་མང་བའ་མྱ་ངན་དང་པོས་ལ་མཛོད།། སེམས་ཅན་འདི་དག་དུང་མོས་མིག་སྤངས་ཤིང་།། སྡུག་བསྔལ་གཅིག་དུའི།
iiif viewer powered by OpenSeadragon
72a - 73a