e-texts navigator
Collection
Volume
Page
Wylie

64b1 དང་དཀུར་སྟི་འཚལ་བའི་སད་དབུ་མ། ཐོབ་ཏུ་བའི་སླང་དུའམ། གཞན་གྱིས་བགྱིང་དུ་མྱལ་བའང། གཞན་གྱིས་ཡིང་བསྲུང་བའི་སང་དུམང་ང་སྟེ། ཐེག་པ་ཆེན་པོརྗོད་པར་བབྱེད།། ད་།
64b2 པ་དང་མི་དགའ་བ་ཐམས་ཅད་བསལ་བའི་གསུང་སྔགས་བཤད་པར་འཚལ་ལོ།། ཏདྱ་ཐཱ། ཇུག། ཐཐར་ཐག་ཀེ། རཱི་རུརེ། མཧཱ་རི། ཨཱ་ལ་མཱ་ལ། ཏཱ་ལ་སྭཱཧཱ། ཆོས་སྨྲ་བ་འཕྲུལ་པོ་དང་།
64b3 འཇིགས་པས་གནོད་པར་གྱུར་པ་རྣམས་ཆོས་ཀྱི་ཚུལ་ལ་སྤོབས་པ་བསྐྱེད་པར་བགྱི་བ་དང་། མུ་སྟེགས་པ་རྣམས་མྱོས་པར་བགྱི་བ་དང་། དམ་པའི་ཆོས་བསྲུང་བ་ད། བདག་དང་གཞན་བསྲུང་བའི་སླད་དུ།
64b4 བདག་གིས་རང་གི་དམ་ཚིག་གིས་སྨྲས་པའི་གསང་སྔགས་འདི་གླང་པོ་ཆེའི་འཇིགས་པ་འམ། ནགས་ཁུང་གི་འཇིགས་པ་འམ། ཆུ་ཀླུང་གི་འཇིགས་པ་འམ། མེའི་འཇིགས་པ་རྣམས་ཀྱི་ནང་དུ། བསྲུང
64b5 པའི་གཟུངས་སྔགས་ཀྱི་དོན་དུ་བརྗོད་པ་གང་ལགས་པ་དེ་དག་ནི་བརྗོད་པ་ཙམ་གྱིས་ཇི་ལྟར་རུས་སྦལ་རང་གི་ལུས་བསྲུངས་པ་དེ་བཞིན་དུ། བདག་གིས་གཡོ་དང་སྒྱུ་མ་མཆིས་པར། དེ་དག་འཇིགས་པ་ཐམས
64b6 ཅད་ལས་བསྲུང་བར་བགྱི། སྟོབས་དང་ལྡན་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་ངཞལ་ཟས་འདི་བཞེས་པར་གསོལ་ཞེས་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས
64b7 བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་ཁ་ཟས་ཀྱི་ཕྱིར་གསོལ་བ་མ་འདེབས་ཤིག། གསང་སྔགས་ཀྱི་ཚིག་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། ཆོས་ཀྱི་སྦྱིན་པར




iiif viewer powered by OpenSeadragon

64a - 65a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo